ལྷ་སའི་སྣེའུ་ཁུལ་གསར་གྱི་སྟག་གདོང་གྲོང་ཚོར“ཀྲུང་གོའི་ཕྱོགས་ཡོངས་འབྱོར་འབྲིང་ཞིང་སྡེ་དར་རྒྱས་དཔེ་སྟོན་གྲོང་ཚོ་ཆེན་པོ་བཅུ”ཡི་མཚན་སྙན་ཐོབ།

src=http___www.kanzh.cn_uploads_allimg_200508_1611509505_0.png&refer=http___www.kanzh.jpg

སྟག་གདོང་གྲོང་ཚོ

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་སྣེའི་ཁུལ་གསར་དོ་དམ་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། སྐབས་བཅོ་ལྔ་བའི་ཀྲུང་གོའི་ཕྱོགས་ཡོངས་འབྱོར་འབྲིང་གླེང་སྟེགས་སྟེང་། ལྷ་སའི་སྣེའི་ཁུལ་གསར་གྱི་སྟག་གདོང་གྲོང་ཚོར“ཀྲུང་གོའི་ཕྱོགས་ཡོངས་འབྱོར་འབྲིང་ཞིང་སྡེ་དར་རྒྱས་དཔེ་སྟོན་གྲོང་ཚོ་ཆེན་པོ་བཅུ”ཡི་མཚན་སྙན་ཐོབ་ཏེ། བོད་ལྗོངས་ཀྱི་མཚན་སྙན་འདི་ཐོབ་པའི་གྲོང་ཚོ་གཅིག་པུ་རུ་གྱུར། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། 2016ལོའི་སྔོན་ལ་སྟག་གདོང་གྲོང་ཚོ་ནི་དབུལ་ཕོངས་གྲོང་ཚོ་དཔེ་མཚོན་ཅན་ཡིན་ཞིང་། གྲོང་ཚོའི་ཁོངས་གཏོགས་སུ་གྲོང་མིའི་ཚན་ཆུང8ཡོད་ཅིང་། བསྡོམས་པས་རོང་འབྲོག་ཁྱིམ་ཚང218གྱི་མང་ཚོགས822ཡོད་དེ། དབུལ་ཕོངས་བྱུང་ཚད22.26%ཡིན། ད་ལྟ། སྣེའུ་ཁུལ་གསར་གྱི་སྟག་གདོང་གྲོང་ཚོ་དེ་ལྷ་ས་གྲོང་ཁྱེར་གྱི“མཉམ་འདུས་གནས་སྐོར་གྲོང་ཚོ”དང་པོ་རུ་གྱུར་བ་དང་། སྔ་གཞུག་ཏུ“ཀྲུང་གོའི་ཆེས་མཛེས་པའི་གྲོང་རྡལ།” “ཀྲུང་གོའི་མཛེས་སྡུག་སྤྲོ་གསེང་གྲོང་ཚོ·ལོ་རྒྱུས་གྲོང་ཚོ།” “རྒྱལ་ཡོངས་སྐྱེ་ཁམས་རིག་གནས་གྲོང་ཚོ། ”“ཀྲུང་གོའི་གྲོང་ཚོའི་གནས་སྐོར་དཔེ་སྟོན་རྟེན་གཞི། ”“སྐོར་གཉིས་པའི་རྒྱལ་ཡོངས་ཀྱི་ཞིང་སྡེའི་གནས་སྐོར་གྲོང་ཚོ་གཙོ་བོ”སོགས་ཀྱི་མཚན་སྙན་ཐོབ་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།