བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་དངོས་རྫས་འཁོར་རྒྱུག་བཀར་འཇུག་སྡེབ་སྐྱེལ་ལྟེ་གནས་ཀྱི་སྒོ་ཕྱེས་པ།

W020210105492443071099.jpg

འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་དངོས་རྫས་འཁོར་རྒྱུག་བཀར་འཇུག་སྡེབ་སྐྱེལ་ལྟེ་གནས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཛོད་སྒོ་ཕྱེས་ནས་གཉེར་སྐྱོང་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་དངོས་རྫས་འཁོར་རྒྱུག་བཀར་འཇུག་སྡེབ་སྐྱེལ་ལྟེ་གནས་སུ་བྲེལ་འཚུབ་ཀྱི་རྣམ་པའི་ཁེངས་ཡོད་ཅིང་། དེས་ས་གནས་དེ་གའི་དངོས་རྫས་འཁོར་རྒྱུག་འདོན་སྤྲོད་སྦྲེལ་མཐུད་ཀྱི་ཕན་ནུས་ཇེ་མཐོར་གཏོང་བ་དང་། གཉེར་སྐྱོང་གི་མ་གནས་ཇེ་དམའ་རུ་གཏོང་བར་བྱེད་ནུས་གལ་ཆེན་བཏོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་དངོས་རྫས་འཁོར་རྒྱུག་བཀར་འཇུག་སྡེབ་སྐྱེལ་ལྟེ་གནས་ནི་བོད་རང་སྐྱོང་ལྗོངས་གློག་རྡུལ་ཚོང་དོན་གྲོང་གསེབ་དུ་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་ཡོངས་སུ་རྣམ་གྲངས་ཀྱི་དངོས་རྫས་འཁོར་རྒྱུག་མ་ལག་ལ་སྐུལ་འདེད་གཏོང་བའི་ལྟེ་བའི་རྨང་གཞིའི་སྒྲིག་བཀོད་ཡིན། འཆར་འགོད་ལྟར་ཅིན་ཏུང་དངོས་རྫས་འཁོར་རྒྱུག་གིས་“ས་ཚུགས་དང་། ལམ་ཐིག དྲ་མིག”བཅས་ཀྱི་འཆར་འགོད་བསམ་ཕྱོགས་སྤྱད་དེ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར། རྫོང(ཆུས)བཅས་སུ་སོ་སོར་བཀར་འཇུག་ལྟེ་གནས་དང་། བར་བརྒྱུད་ལྟེ་གནས། སྡེབ་སྐྱེལ་ལྟེ་གནས་བཅས་བཙུགས་ནས་བཀར་འཇུག་དང་སྐྱེལ་འདྲེན། མཉམ་དུ་སྡེབ་སྐྱེལ་བཅས་ཀྱི་ཞབས་ཞུའི་མ་ལག་བཙུགས་ཏེ། དེང་རབས་ཅན་དང་ལངས་གཟུགས་རྣམ་པའི་དངོས་རྫས་འཁོར་རྒྱུག་དྲ་བ་ཞིག་གྲུབ་ནས་བོད་རང་སྐྱོང་ལྗོངས་ཡོངས་སུ་ཞབས་ཞུ་བསྒྲུབས་ནས་གློག་རྡུལ་ཚོང་དོན་ཞབས་ཞུ་ལྗོངས་ཡོངས་ཀྱི་རྫོང་ཚང་མར་ཁྱབ་པ་མངོན་འགྱུར་བྱ་རྒྱུ་རེད།

གློག་རྡུལ་ཚོང་དོན་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ལས་ཁྱད་ཐོན་ཐོན་རྫས་སྔར་ལས་མང་པོ་ཞིག་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་ཕྱིར་འཚོང་བྱས་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་པའི་དངོས་རྫས་འཁོར་རྒྱུག་བཀར་འཇུག་སྡེབ་སྐྱེལ་ལྟེ་གནས་ཀྱིས་གསོག་ཉར་དང་ཕྱིར་འཚོང་བྱེད་པའི་ཐོན་རྫས་གཙོ་བོ་ལ་གཏེར་ཆུ་དང་། ཉིང་ཁྲིའི་ཀུ་ཤུ། སྦི་རག རྩམ་པ། ནས། སྟར་ཁའི་སྣུམ། བོད་ཀྱི་སྦྲང་རྩི་སོགས་ཡོད། ཞིང་ལས་ཁྱད་ཐོན་ཐོན་རྫས་དེ་དག་ཅིན་ཏུང་སིལ་འཚོང་ལམ་ཐིག་གི་ཀྲུང་གོའི་ཁྱད་ལྡན་ཐོན་རྫས་ཏེ་བོད་ལྗོངས་ཀྱི་དབུལ་སྐྱོར་འགྲེམ་ཁང་སོགས་ཀྱི་བྱ་ཐབས་སྤྱད་དེ་ཉོ་སྒྲུབ་བྱས་ཆོག་ལ་འཛད་སྤྱོད་པས་ཉོ་སྒྲུབ་བྱས་རྗེས་ཅིན་ཏུང་དངོས་རྫས་འཁོར་རྒྱུག་གིས་ལྷ་ས་དང་ཁྲིན་ཏུའུ་སོགས་ས་ཁུལ་དུ་བཀར་འཇུག་སྡེབ་སྐྱེལ་གཞི་གཅིག་ཅན་གྱི་དངོས་རྫས་འཁོར་རྒྱུག་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།