ཧོ་པེ་དང་མངའ་རིས་ས་གནས་གཉིས་ཀྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ལས་དོན་ལ་ཤུགས་བསྣན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཧོ་པེ་ཞིང་ཆེན་གྱི་སྐོར་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་མངའ་རིས་ལ་རོགས་སྐྱོར་བྱས་པ་ནས་བཟུང་། ཧོ་པེ་དང་མངའ་རིས་ས་གནས་གཉིས་ཀྱི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཧོ་པེ་དང་མངའ་རིས་ས་གནས་གཉིས་ཀྱི་མི་དམངས་ཀྱི་བརྩེ་སེམས་ཇེ་ཟབ་ཏུ་འགྲོ་བ་དང་། མངའ་རིས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བཅས་ལ་སྐུལ་འདེད་ནུས་ལྡན་ཐེབས་པས་བོད་སྐྱོར་ལས་དོན་གྱི“ནང་དུ་གདན་དྲངས་པ”དང“ཕྱིར་སྐྱོད་པའི”དམིགས་ཚད་མངོན་འགྱུར་བྱས།

མངའ་རིས་འབྲོག་ཁུལ་གྱི་གློག་རྡུལ་ཚོང་དོན་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། ན་ནིང་གི་ཟླ10པའི་མཇུག་ཏུ་ཧོ་པེ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག མངའ་རིས་རོང་འབྲོག་ཁུལ་གྱི་མི24ཧོ་པེ་ཞིང་ཆེན་ལིན་ཧྲོའུ་རྫོང་དུ་སོང་ནས་དུས་ཡུན་ཉིན40རིང་གི་གློག་རྡུལ་གསོ་སྦྱོང་ལ་ཞུགས་པ་རེད། ཐེངས་འདིའི་གསོ་སྦྱོང་བརྒྱུད་དེ་རོང་འབྲོག་མང་ཚོགས་ཀྱིས་ལས་གཏོད་ལས་ཞུགས་བྱས་ཏེ་འབབ་འཕར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས་པ་དང་། མངའ་རིས་འབྲོག་ཁུལ་གྱི་གློག་རྡུལ་ཚོང་དོན་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

ཧྲི་ཅ་ཀྲོང་གྲོང་ཁྱེར་སྤྱི་བདེ་མ་ལག་གིས་མངའ་རིས་ས་ཁུལ་གྱི་སྤྱི་བདེའི་ཉེན་རྟོག་པ་གདན་དྲངས་ནས་ཟླ་གཅིག་རིང་གི་ལས་དོན་སྤེལ་རེས་བྱེད་སྒོ་སྤེལ་པ་མ་ཟད། ད་དུང་སྤྱི་བདེའི་ཉེན་རྟོག་པ་འཐབ་ས་དང་པོར་མངགས་ནས་ཡུལ་དངོས་སློབ་སྦྱོང་དང་གསོ་སྦྱོང་བྱས་པ་བརྒྱུད་དེ་སྤྱི་བདེའི་ཉེན་རྟོག་པའི་ལས་སྒོའི་ནུས་ཤུགས་དང་ཕྱོགས་བསྡུས་བྱང་ཚད་ཇེ་མཐོར་བཏང་།

མངའ་རིས་ས་ཁུལ་གྱི་ནོར་སྲིད་མ་ལག་ཆ་འཕྲིན་ཅན་དང་དྲ་རྒྱ་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད། ཧོ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་མངའ་རིས་ས་ཁུལ་གྱི་ཆུས་དང་རྫོང་སོ་སོའི་ནོར་སྲིད་མ་ལག་གི་ལས་གནས་མི་གཅིག་པའི་ལས་བྱེད་མི་སྣ་གདམ་མངགས་བྱས་ནས་ཧོ་པེ་ཞིང་ཆེན་གྱི་གྲོང་ཁྱེར་དང་རྫོང་ཁག་གི་ནོར་སྲིད་སྡེ་ཁག་ཏུ་སློབ་སྦྱོང་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།