ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་ལམ་དུམ་གྱི་མཛེས་ཉམས།

2.jpg

3.jpg

4.jpg

5.jpg

6.jpg

7.jpg

8.jpg

9.jpg

10.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ལོ་སར་གྱི་དུས་སུ་གསར་འགོད་པ་ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲིའི་ལམ་དུམ་བརྒྱུད་ནས་ལས་གཞི་དེའི་པར་འགའ་བླངས་པ་རེད། ལྷ་ས་ནས་ཉིང་ཁྲིའི་ལམ་དུམ་གྱི་ལྕགས་ལམ་རིང་ཚད་ཡོངས་ལ་སྤྱི་ལེ435.5དང་། གསར་སྐྲུན་མ་ལམ་སྤྱི་ལེ403.1། འཁོར་འགྲོས་ཇུས་འགོད160km/hདང་། ལམ་ཐིག་ཡོངས་སུ་ཟམ་པ120དང་རིང་ཚད་ལ་སྤྱི་ལེ84.5ཡོད། ཕུག་ལམ་བསྡོམས་པས47ཏེ་རིམ་རྩིས་བྱས་ན་སྤྱི་ལེ216.5ཡོད། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་གྱིས74.66%བཅས་ཟིན་ཡོད་དེ། ལམ་ཐིག་ཧྲིལ་བོར་གསར་སྐྲུན་མེ་འཁོར་འབབ་ཚིགས34ཡོད་པ་དང་། ཐོག་མར་འབབ་ཚིགས17སྒོ་འབྱེད་པ་དང་། ལམ་ཐིག་ཡོངས་ཀྱི་འཛུགས་སྐྲུན་ལས་ཡུན་ལོ7ཡིན།

ལྷ་ས་ནས་ཉིང་ཁྲིའི་ལམ་དུམ་ལྕགས་ལམ་དེ་མཚོ་བོད་མཐོ་སྒང་གི་གངས་ཏེ་སེ་དང་རི་བོ་ཧི་མ་ལ་ཡའི་ས་མཚམས་གཉིས་ཀྱི་བར་གྱི་ཡར་ཀླུང་གཙང་པོ་སྦྲེལ་མཐུད་ས་ཁུལ་བརྒལ་ནས་བསྐྲུན་ཡོད་པས90%ཡན་གྱི་ལམ་དུམ་སྨི3000ཡན་གྱི་ས་བབ་མཐོ་བའི་ས་ཁུལ་ཡིན། དེ་བས་ལྷ་ས་ནས་ཉིང་ཁྲིའི་ལྕགས་ལམ་ནི་མཐོ་སྒང་གི་མཐོ་གྲང་དང་དབྱང་རླུང་དཀོན་པ་དང་། སྐྱེ་ཁམས་ཞན་པའི་རང་བྱུང་ཁོར་ཡུག་དུ་ཡོད་པ་མ་ཟད། ད་དུང་འགྱུར་ལྡོག་ཆེ་ཞིང་རྙོག་འཛིང་ལྡན་པའི་ས་གཤིས་ཁོར་ཡུག་ལས་ཨར་ལས་ཐད་དཀའ་ཁག་མང་པོར་འཕྲད་ཡོད་པ་རེད།

ལྷ་ས་ནས་ཉིང་ཁྲིའི་ལམ་དུམ་ལེགས་འགྲུབ་བྱུང་བ་དེས་བོད་ལྗོངས་ཀྱི་འགྲིམ་འགྲུལ་ལམ་དྲའི་བཀོད་སྒྲིག་བྱེད་ཚུལ་སྔར་ལས་ཇེ་ལེགས་སུ་སོང་ནས་བོད་ཤར་ལྷོ་ལ་མེ་འཁོར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་པ་དང་། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་ལ་སྐྱེ་སྟོབས་གསར་བ་རྒྱས་ཤིང་། ཁྲོན་བོད་ལྕགས་ལམ་ཉིང་ཁྲི་ནས་གཡག་རྔའི་ལམ་དུམ་འཛུགས་སྐྲུན་ཐད་སྔར་ལས་སྟབས་བདེ་བའི་སྐྱེལ་འདྲེན་བགྲོད་ལམ་མཁོ་འདོན་བྱས་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།