ལོ་ལྔའི་རིང་བོད་ལྗོངས་ཀྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཀྱི་འཕར་ཚད100%ལས་བརྒལ་བ།

139640824_16097568605031n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གློང་ཁུངས་གཙང་མ་དང་གློག་དྲ་ཆེན་མོའི་འཛུགས་སྐྲུན་ལ་བརྟེན་ནས་བོད་ལྗོངས་ཀྱི་གློག་ཤུགས་ཐེག་ཚད་རྒྱུན་མཐུད་མགྱོགས་མྱུར་ངང་འཕར་སྣོན་བྱུང་ཡོད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། བོད་ལྗོངས་ཀྱི་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད2015ལོའི་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར40.43ནས2020ལོའི་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར82.45ལ་སླེབས་ཡོད་དེ། འཕར་ཚད100%ལས་བརྒལ་ཡོད་པ་རེད།

139640824_16097568605411n.jpg

2010ལོ་ནས་བཟུང་། རྒྱལ་ཁབ་ཀྱིས་གངས་ལྗོངས་ས་ཁུལ་དུ་བསྟུད་མར་མཚོ་བོད་དྲ་སྦྲེལ་དང་། ཁྲོན་བོད་དྲ་སྦྲེལ། བོད་དབུས་དྲ་སྦྲེལ་བཅས་གློག་ཤུགས་མཁའ་ལམ3འཛུགས་སྐྲུན་བྱས་ཏེ། གློག་ཤུགས་བོད་ལྗོངས་སུ་སྐྱེལ་བ་དང་གློག་ཤུགས་ཕྱིར་གཏོང་བྱེད་པར་བགྲོད་ལམ་ལེགས་པོ་སྐྲུན།

139640824_16097568605781n.jpg

དེ་དང་ཆབས་ཅིག བོད་ལྗོངས་ཀྱིས་ཁྱིམ་ཚང་རེ་རེ་གློག་འཐེན་པ་དང་། གློག་མེད་པའི་ས་ཁུལ་དུ་གློག་ཤུགས་འཛུགས་སྐྲུན་དང་བསྒྱུར་བཀོད་བྱེད་པ། སྐོར་ཐེངས་གསར་བའི་ཞིང་དྲ་བསྒྱུར་བཀོད། ཆུས་གསུམ་ཁུལ་གསུམ་གྱི་ཤིན་ཏུ་དབུལ་བོ་ཡིན་པའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལས་གཞི་སོགས་སྔ་གཞུག་ཏུ་ལེགས་འགྲུབ་བྱུང་བ་དང་བསྟུན་ནས། ལྗོངས་ཡོངས་ཀྱི་གློག་དྲ་གཙོ་བོ་རིམ་བཞིན་གང་སར་ཁྱབ་ཡོད། 2020ལོའི་ལོ་མཇུག་བར་དུ། བོད་ལྗོངས་གློག་དྲ་ལྗོངས་ཡོངས་ཀྱི་རྫོང74དང་ཤང་གྲོང་གཙོ་བོ་དང་མི་འབོར་ཁྲི330ལ་ཁྱབ་ཡོད་དེ། ནུས་ཤུགས་ཡོད་རྒུས་ཤིན་ཏུ་དབུལ་བོ་ཡིན་པའི་ས་ཁུལ་དང་མཐའ་མཚམས་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱིས་གློག་སྤྱོད་ཐུབ་པ་ནས་གློག་སྤུས་ལེགས་སྤྱོད་པར་སྐུལ་འདེད་བཏང་།

བསྡོམས་རྩིས་བྱས་པའི་གཞི་གྲངས་ལྟར་ན། མིག་སྔར་བོད་ལྗོངས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི401.85ལ་སླེབས་ཡོད་ཅིང་། དེའི་ཁྲོད་ནུས་ཁོངས་གཙང་མའི་བསྡུར་ཚད89.09%ལ་སླེབས་ཡོད་པ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།