བོད་ལྗོངས་ཀྱིས་ལས་གཞི་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་མཆན་གནང་བའི་དུས་ཡུན་ཉིན100ཡི་བར་ཇེ་ཉུང་དུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་བོད་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་ལྗོངས་ཡོངས་ཀྱི་ལས་གཞི་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་མཆན་གནང་བའི་ལམ་ལུགས་བཅོས་བསྒྱུར་བྱ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་ཀྱིས་ལས་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་གནང་བའི་དུས་ཡུན་ཉིན100ཡི་བར་ཇེ་ཉུང་དུ་བཏང་བ་དང་། 2020ལོའི་ལོ་མཇུག་ཏུ་ཞིབ་མཆན་གནང་བའི་ལམ་ལུགས་སྒྲོམ་གཞི་དང་ཆ་འཕྲིན་གཞི་གྲངས་སྟེགས་བུ་བཙུགས།

བོད་ལྗོངས་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིན་གྱི་ཏང་ཙུའུ་ཁོངས་མིའམ་ཐིན་ཀྲང་གཞོན་པ་སུང་ཁྲེང་མིན་གྱིས་བཤད་རྒྱུར། 2019ལོའི་ཟླ6པར་ལས་གཞི་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་མཆན་གནང་བའི་ལམ་ལུགས་བཅོས་བསྒྱུར་ལས་དོན་སྤེལ་འགོ་བརྩམས་པ་ནས་བཟུང་། བོད་ལྗོངས་ཀྱིས་སྲིད་གཞུང་གི་བྱེད་ནུས་ཀྱི་ཞིབ་མཆན་གནང་བའི་འགྲོ་ལུགས་ཇེ་ཉུང་དུ་གཏོང་བ་དང་། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། ཞབས་ཞུ་ཇེ་ལེགས་སུ་གཏོང་བའི་ཕྱོགས་ལ་བསྒྱུར་ཏེ། ལས་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་གནང་བའི་ཕན་འབྲས་དང་སྤུས་ཚད་ཇེ་མཐོར་བཏང་ནས། དོན་དངོས་དང་བསྟུན་པར་ལས་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་གནང་བའི་གོ་རིམ་མང་བ་དང་། དུས་ཡུན་རིང་བ། དཔྱད་དཔོག་དོན་ཚན་རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱས་ཟེར།

བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཞིབ་མཆན་གནང་བའི་དོ་དམ་མ་ལག་བརྟན་རླིང་ངང་འཛུགས་སྐྲུན་བྱས་ཏེ། མིག་སྔར་ལྗོངས་ཡོངས་ཀྱི་རྫོང74ལ་ཁྱབ་ཡོད་པ་མ་ཟད། དངུལ་གཏོང་དང་རྣམ་གྲངས་འཛུགས་པ་སོགས་ཀྱི་དོ་དམ་མ་ལག་དང་འབྲེལ་མཐུད་བྱས་ཏེ། གཅིག་གྱུར་དང་ལེན་དང་། མཉམ་འབྲེལ་མཆན་འགོད། དུས་ལྟར་རྒྱུན་འཁོར། རྗེས་འདེད་ལྟ་སྐུལ་ལས་དོན་ཕལ་ཆེར་མངོན་འགྱུར་བྱས། 2020ལོའི་ལོ་མཇུག་བར་དུ། རྣམ་གྲངས615མ་ལག་དེ་བརྒྱུད་དེ་ཞིབ་མཆན་གནང་བ་དང་། ཞིབ་མཆན་གནང་བའི་དོན་ཚན1594ལེགས་འགྲུབ་བྱས།

སུང་ཁྲེང་མིན་གྱིས་བཤད་རྒྱུར། བོད་ལྗོངས་ཀྱིས་གློད་སྡོམ་ཞབས་གསུམ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས། ཚོང་གཉེར་ཁོར་ཡུག་ལེགས་བཅོས་དང་། ལྗོངས་ཡོངས་ཀྱི་ལས་གཞི་འཛུགས་སྐྲུན་རྣམ་གྲངས་ལ་ཞིབ་མཆན་གནང་བའི་ལམ་ལུགས་བཅོས་བསྒྱུར་མ་ལག་འཐུས་ཚང་དུ་བཏང་ནས། དོ་དམ་མ་ལག་བེད་སྤྱོད་ལ་ཤུགས་སྣོན་དང་། ཞབས་ཞུ་ཕན་ནུས་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།