ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས《སྐོར་གསུམ་པའི་ཡོངས་ཀྱིས་བྱ་གཞག་སྐྲུན་པ་དང་ཡོངས་ཀྱིས་གསར་གཏོད་བྱེད་པའི་དཔེ་སྟོན་རྟེན་གཞི་སྐྲུན་པའི་བརྡ་སྦྱོར》འགྲེམ་གཏོང་བྱས་ཏེ། སྐོར་གསུམ་པའི་གཉིས་གཏོད་དཔེ་སྟོན་རྟེན་གཞི92དངོས་སུ་ཁྱབ་བསྒྲགས་བྱས། དེའི་ཁྲོད། བོད་ལྗོངས་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་མིང་ཐོ་རུ་ཚུད་ཡོད་པ་དང་བདེ་བླག་ངང་བདམས་ཐོན་བྱུང་ཡོད་ལ། དེ་ནི་བོད་ལྗོངས་ཀྱི་བདམས་ཐོན་བྱུང་བའི་གཉིས་གཏོད་དཔེ་སྟོན་རྟེན་གཞི་གཅིག་པུའང་ཡིན། ཆབ་མདོ་དཔལ་འབྱོར་གསར་སྤེལ་ཁུལ་བཙུགས་པའི་ལོ8ཀྱི་རིང་ལ། ཁུལ་གཅིག་གླིང་མང་པོའི་འཕེལ་རྒྱས་རྣམ་པ་འཚོལ་ཞིབ་བྱས་ཏེ། མེད་པ་ནས་ཡོད་པ་དང་། གྲོང་ཚོ་རྗེས་ལུས་ནས་དངུལ་གཏོང་བྱེད་ཡུལ་གཙོ་བོ་རུ་གྱུར་བར་ཚད་བརྒལ་ཆེན་པོ་བྱུང་ཡོད་པས། ཆབ་མདོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་སྣོན་རིམ་པ་གསར་བ་རུ་གྱུར་ཡོད།
ཆབ་མདོ་དཔལ་འབྱོར་གསར་སྤེལ་ཁུལ་ཆབ་མདོའི་ཤར་ལྷོའི་ཕྱོགས་སུ་ཡོད་ཅིང་། རྫ་ཆུའི་འགྲམ་ངོགས་སུ་གནས་ཡོད། ས་ཞིང་སྤྱོད་པའི་འཆར་འགོད་གཞི་ཁྱོན་སྤྱི་ཆིང818.383ཡོད། དེའི་ཁྲོད་གྲོང་ཁྱེར་གྱི་འཛུགས་སྐྲུན་གཞི་ཁྱོན་སྤྱི་ཆིང414.505ཡོད།
ཆབ་མདོ་དཔལ་འབྱོར་གསར་སྤེལ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར། ཟླ11པའི་ཟླ་མཇུག་བར་དུ། གླིང་ཁུལ་གྱིས་བསྡོམས་པས་འགྲོ་ལུགས་ཐོ་འགོད་ཁེ་ལས1010ལེགས་འགྲུབ་བྱས་ཤིང་། མ་རྩ་སྒོར་དུང་ཕྱུར251.49ཐོ་འགོད་བྱས་ལ། མཛོད་བཅུག་དཔྱ་ཁྲལ་སྒོར་དུང་ཕྱུར36.73མངོན་འགྱུར་བྱས།
ལྗང་མདོག་ཁོར་སྲུང་དང་འཆམ་མཐུན་མཉམ་སྤྱོད་ཀྱི་འདུ་ཤེས་མཛུབ་སྟོན་དུ་བྱས་ནས། ཆབ་མདོ་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་སྐྱེ་དངོས་སྨན་རྫས་དང་། ཁོར་སྲུང་འཛུགས་སྐྲུན་རྒྱུ་ཆས། ཞིང་ལས་ཁྱད་ལྡན་ཐོན་རྫས་ལས་སྣོན། རིག་གནས་གནས་སྐོར། མི་རིགས་ལག་ཤེས་བཟོ་ལས་སོགས་ཐོན་ལས་ཆེན་པོ་བརྒྱད་གཙོ་བྱས་པའི་མཐོ་སྒང་གི་ཐོན་ལས་འཕེལ་རྒྱས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2.58བཏང་། ཐོན་ལས་དབུལ་སྐྱོར་རྣམ་གྲངས8ལག་བསྟར་བྱས། 2020ལོར་ཚགས་འཛུགས་བྱང་སྒྲིག་ཁྱིམ་ཚང་དབུལ་བོར་ཁེ་སྤོགས་བགོ་བའི་མ་དངུལ་སྒོར་ཁྲི187མངོན་འགྱུར་བྱས་ཏེ། དབུལ་ཐར་མི་གྲངས3100ལྷག་ལ་ཁེབས་ཡོད་པ་དང་། མང་ཚོགས120ལྷག་གི་ཡོང་སྒོ་འཕར་བར་སྣེ་ཁྲིད་བྱས། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
བོད་ལྗོངས་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་རང་རྒྱལ་གྱི་སྐོར་གསུམ་པའི་གཉིས་གཏོད་དཔེ་སྟོན་རྟེན་གཞི་རུ་བདམས་ཐོན་བྱུང་།