བོད་ལྗོངས་ཀྱི་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་བྱ་བར་ཟིན་ཐོ་གསར་བ་བསྐྲུན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཏང་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་སྟེང་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་བོད་ལྗོངས་ཀྱིས་རོང་འབྲོག་པ་མི་ཁྲི61ལས་ཞུགས་སྤོ་སྒྱུར་བྱས་ཏེ། ཡོང་སྒོ་སྒོར་དུང་ཕྱུར43.4མངོན་འགྱུར་བྱས་པ་དང་། མི་གྲངས་དང་ཡོང་སྒོ་གཉིས་ཀས་ཆ་སྙོམས་སུ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་སྐྲུན།

བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཏེ་ལྷག་པར་དུ་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་དེ་ལས་ཞུགས་མཁྲེགས་གཏོར་བྱ་ཡུལ་དུ་བརྩིས་ནས། ཚོགས་སྤྱིའི་གཙོ་བོས་ལས་ཞུགས་མངོན་འགྱུར་བྱེད་པར་ཁག་ཐེག་བྱས། ཞེས་བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་རིམ་པ་དང་པོའི་སྐོར་གཟིགས་པ་ལིའུ་ལིས་ཡིས་དེ་ལྟར་ངོ་སྤྲོད་བྱས། ལས་གཞི་གལ་ཆེན་གྱི་མི་སྤྱོད་དོ་དམ་ལ་ཤུགས་སྣོན་དང་། རྩ་འཛུགས་ཡོད་པའི་སྒོ་ནས་ལས་ཞུགས་སྤོ་སྒྱུར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ལས་རིགས་ནུས་རྩལ་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་གསར་གཏོད་བྱས་ཏེ། བོད་ལྗོངས་ཀྱིས་སྔ་མོ་ནས་ད་ལོའི་རོང་འབྲོག་པ་ཁྲི60ལས་ཞུགས་སྤོ་སྒྱུར་བྱེད་པའི་ལོ་འཁོར་དམིགས་འབེན་ལེགས་འགྲུབ་བྱས།

བོད་ལྗོངས་ཀྱིས་རོང་འབྲོག་པའི་ལས་ཞུགས་མི་གྲངས་བསྡུ་ལེན་བྱེད་པ་དེ་ཁེ་ལས་སྲིད་གཞུང་གི་དངུལ་གཏོང་རྣམ་གྲངས་དམིགས་འགུག་གི་དམིགས་ཚད་གཙོ་བོ་དང་ཡིད་རྟོན་རིམ་པ་དཔྱད་བསྡུར་བྱེད་པའི་གཞི་འཛིན་སར་གྱུར་ཡོད། འདྲ་མཉམ་གྱི་ཆ་རྐྱེན་འོག སྲིད་གཞུང་གི་དངུལ་གཏོང་རྣམ་གྲངས་དེ་རོང་འབྲོག་པའི་ལས་ཞུགས་བསྡུ་ཚད་མང་བའི་དམིགས་འགུགས་ཁེ་ལས་ལ་དམིགས་བསལ་དུ་གདམ་གསེས་བྱས་པ་ཡིན། ལིའུ་ལིས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་ཟླ10བའི་ཟླ་མཇུག་བར་དུ། སྲིད་གཞུང་གི་དངུལ་གཏོང་རྣམ་གྲངས5949ལས་འགོ་བརྩམས་པ་དང་བསྐྱར་དུ་ལས་འགོ་ཚུགས། རོང་འབྲོག་པ་མི་ཁྲི20.7ལས་ཞུགས་སྤོ་སྒྱུར་བྱེད་པར་བསྡུ་ལེན་བྱས་ཏེ། མི་སྤྱོད་ཚད་སྤྱིའི62.2%ཟིན་ཡོད་ཟེར།

ཟླ10བའི་ཟླ་མཇུག་བར་དུ། བོད་ལྗོངས་ཡོངས་ཀྱིས་བསྡོམས་པས་རིགས་སོ་སོའི་ངལ་ལས་ཕྱིར་གཏོང་རྩ་འཛུགས7088ཡོད་པ་དང་། རྩ་འཛུགས་ཡོད་པའི་མི་ཁྲི31.4ལས་ཞུགས་སྤོ་སྒྱུར་བྱས་ཏེ། ལས་ཞུགས་སྤོ་སྒྱུར་མི་གྲངས་སྤྱིའི52.1%ཟིན།

རོང་འབྲོག་པའི་ལས་ཞུགས་རྣམ་པ་ལེགས་པ་དང་། ཡོང་སྒོ་བརྟན་རླིང་ངང་འཕར་སྣོན་བྱུང་ནས། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་རོགས་སྐྱོར་བྱས། ད་ལོར་བོད་ལྗོངས་སུ་གྲོང་ཚོའི་སྡོད་དམངས་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོ་སྒོར14583ལ་སླེབས་པ་དང་། དུས་མཉམ་ལས13%འཕར་ཏེ། འཕར་ཚད་རྒྱལ་ཡོངས་ཀྱི་སྔོན་ལ་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།