བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་།

1608857190266455.jpg

འདི་ནི་ལྷ་ས་ནས་གཞིས་ཀ་རྩེ་གནམ་གྲུ་ཐང་བར་གྱི་གཞུང་ལམ་གྱི་གསར་སྐྲུན་བསྒྱུར་བཀོད་ལས་གཞིའི་ཆུ་ཤུར་མཚམས་ཀྱི་ཡུལ་ལྗོངས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། བོད་ལྗོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས། ཕྱོགས་བཞི་མཚམས་བརྒྱད་ལ་ཐོན་པའི་འགྲིལ་འགྲུལ་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་སྦྱིན་ཡོད་དེ། མང་ཚོགས་ཕྱིར་བསྐྱོད་པར་སྟབས་བདེ་ཆེན་པོ་བཟོས་ཡོད།

ལྷ་ས་ནས་གཞིས་ཀ་རྩེ་བར་གྱི་གནམ་གྲུ་ཐང་གི་གསར་སྐྲུན་བསྒྱུར་བཀོད་ལས་གཞི་ནི་བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་བོད་ལྗོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་གཞུང་ལམ་འགྲིམ་འགྲུལ་འཆར་འགོད་རྣམ་གྲངས་ཀྱི་ནང་གསེས་ཡིན་ཞིང་། ལས་གཞི་དེ་ལྷ་སའི་གོང་དཀར་གནམ་གྲུ་ཐང་གི་མྱུར་བགྲོད་གཞུང་ལམ་གྱི་ཤལ་གྲོང་ལངས་གཟུགས་སྣོལ་ཟམ་ནས་འགོ་བརྩམས་ཏེ། ལམ་ཐིག་ཤར་ཕྱོགས་སུ་ཇུས་འགོད་བྱས་ཡོད་ཅིང་། ལམ་བར་དུ་ཆུ་ཤུར་རྫོང་དང་། སྙེ་མོ་རྫོང་། རིན་སྤུངས་རྫོང་། བསམ་འགྲུབ་རྩེ་ཆུས་བཅས་བརྒྱུད་དེ། འཛུགས་སྐྲུན་བྱས་ཟིན་པའི་རྒྱལ་ལམ318གཞིས་ཀ་རྩེའི་གནམ་གྲུ་ཐང་ནས་གཞིས་ཀ་རྩེའི་གྲོང་ཁྱེར་གྱི་གཞུང་ལམ་དུ་སྦྲེལ་ཡོད། རྒྱུས་ལོན་ལྟར་ན། ལས་གཞི་འདིའི་འཕེལ་རིམ་བདེ་བླག་ཡིན་ཞིང་། ལྷ་སའི་མཚམས་ཀྱི་ལས་གཞི་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།