ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་རིག་གནས་ལུས་རྩལ་བྱེད་སྒོ་སྐབས་དང་པོ་སྤེལ་བ།

60c8cee0-afdc-4ef0-a55a-a73646fd9458.jpg

འདི་ནི་ནང་མ་སྟོད་གཞས་འཁྲབ་པའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལས་བྱེད་པ་དང་ལས་བཟོའི་རིག་གནས་ལུས་རྩལ་གྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་ལས་ཀའི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་ཆེད། ཉེ་དུས། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ལས་ཁུངས་བཟོ་ཚོགས་ཀྱིས“གཟུགས་གཞི་བདེ་ཐང་དང་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང”བ་བརྗོད་དོན་གཙོ་བོར་བྱས་པའི་རིག་གནས་ལུས་རྩལ་བྱེད་སྒོ་སྐབས་དང་པོ་སྤེལ་བར་ལས་གནས་ཐོག་ཡོད་པའི་ལས་བྱེད་པ་དང་ལས་བཟོ་ཚང་མ་ཞུགས་པ་རེད།

ད་ཐེངས་ཀྱི་བྱེད་སྒོས་བདེ་ཐང་ཡར་ཐོན་དང་ཤེས་དཔལ་ཞི་མཐུན་གྱི་རྣམ་པ་བཏོད་པས་རྒྱ་ཆེའི་ལས་བཟོ་ཚོས་མཉམ་སྡེབ་བྱེད་སྒོ་་ནས་དགའ་སྤྲོ་ཚོར་ཐུབ་པ་བྱུང་ཡོད། ད་ཐེངས་ཀྱི་རིག་གནས་ལུས་རྩལ་བྱེད་སྒོ་བརྒྱུད་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཚོས་འགན་འཁྲི་འཁུར་སེམས་དང་། དགོས་གཏུག་གི་བསམ་པ། སྤྱི་ཡོངས་ཀྱི་འདུ་ཤེས། མཐུན་སྒྲིལ་རོགས་ལས་བཅས་ཀྱི་སྙིང་སྟོབས་ཤེས་རྟོགས་དེ་བས་ཐུབ་སྟེ། ཚང་མས་དེ་བས་ལེགས་པའི་བསམ་པའི་ཉམས་འགྱུར་ནས་རང་ངོས་ཀྱི་ལས་ཀར་ཞུགས་པ་རེད།

ཉེ་དུས་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གི་སྲོལ་རྒྱུན་གྱི་ནང་མ་སྟོད་གཞས་རུ་ཁག་གིས་སྣེའུ་ཡི་ཕྱོགས་བཞིའི་སྐུ་མགྲོན་བསུ་ཞེས་པའི་བོད་ཟས་ཁང་གི་ཐང་ཆེན་དུ་ནང་མ་སྟོད་གཞས་འཁྲབ་ནས་ཐང་ཆེན་དེའི་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་ཡུལ་དངོས་སུ་སྤྱོད་འགོ་ཚུགས་པར་རྟེན་འབྲེལ་ཞུས།། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།