གཞིས་རྩེ་གྲོང་ཁྱེར་གྱི་དངུལ་རྩའི་སྒྲིག་གཞིས“གཉིས་གཏོད”ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན། གཞིས་རྩེ་གྲོང་ཁྱེར་གྱི་དངུལ་རྩའི་སྒྲིག་གཞི་ཁག་གིས་ཀྲུང་དབྱང་གིས་བོད་ལ་སྤྲད་པའི་དམིགས་བསལ་གཟིགས་སྐྱོང་གི་ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། གཞིས་རྩེ་གྲོང་ཁྱེར་གྱི“དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི”དངུལ་རྩའི་ཞབས་ཞུའི་དོན་དངོས་ལ་དམ་པོར་དམིགས་ཏེ་དངུལ་རྩས“གཉིས་གཏོད”ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་དང་གསར་གཏོད་བྱས་པ་མ་ཟད། ཐབས་ལམ་སྣ་ཚོགས་བརྒྱུད་ལས་གཏོད་ཚོགས་སྤྱིའི་ཡིད་རྟོན་དངུལ་བུན་གྱི་དགོས་མཁོ་བསྐངས་ཏེ་ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་དེའི་ལས་གཏོད་གསར་གཏོད་ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།

“གཉིས་གཏོད”དངུལ་རྩའི་ཞབས་ཞུའི་སྐུལ་འདེད་ལམ་སྲོལ་བརྟན་དུ་བཏང་ཞིང་། 2016ལོ་ཚུན་དུ་མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་གྲོང་ཁྱེར་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་གཞིས་རྩེ་གྲོང་ཁྱེར་གྱི་ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ཁག་ཐེག་ཡིད་རྟོན་དངུལ་བུན་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་དོ་དམ་ཨུ་ལྷན་བཙུགས་ནས་གཙོ་གནད་མི་ཚོགས་ལ་སྐྱེད་སྲིང་རོགས་སྐྱོར་དང་། ཀུན་གཏོད་ལས་སྟེགས་གཏོད་པ། ནོར་ཁྲལ་སྲིད་ཇུས་སོགས་ཐད་ནས་གཞིས་རྩེ་གྲོང་ཁྱེར་གྱི“གཉིས་གཏོད”དངུལ་རྩའི་ཞབས་ཞུའི་ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།