ནག་ཆུ་གྲོང་ཁྱེར་གྱིས་ལས་མི་བསྡུ་བའི་ཆེད་དོན་འདུ་ཚོགས་ཆེ་གྲས་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ནག་ཆུ་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་མང་ཚོགས་ཀྱི་ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་ཆེད། ཉེ་ཆར་ནག་ཆུ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ནག་ཆུ་གྲོང་ཁྱེར་ཁྲོང་ལུང་མི་ཤུགས་ཐོན་ཁུངས་དོ་དམ་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བའི“2020ལོའི་ནག་ཆུ་གྲོང་ཁྱེར་གྱི་ལས་མི་བསྡུ་བའི་ཟླ་བའི་ཆེད་དོན་འདུ་ཚོགས་ཆེ་གྲས”གྲུབ་འབྲས་ཐོབ་པའི་སྒོ་ནས་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་སུ་ཁྱོན་བསྡོམས་ཁེ་ལས་50ཡིས་ལས་ཞུགས་ལས་གནས་1020མཁོ་འདོན་བྱས་པའི་ནང་ཀྲེ་ཅང་ཞིང་ཆེན་གྱི་ཁེ་ལས་ཀྱིས་ལས་གནས་626དང་། ལེའོ་ཉིང་ཞིང་ཆེན་གྱི་ཁེ་ལས་ཀྱིས་ལས་གནས་35 རང་ལྗོངས་ཀྱི་ཁེ་ལས་ཀྱིས་ལས་གནས་359བཅས་མཁོ་འདོན་བྱས་པ་དང་། ད་ཐེངས་ཀྱི་ཤེས་ལྡན་མི་སྣ་བསྡུ་བའི་དགོས་མཁོའི་ནང་སྨྱན་སྦྱོར་གསར་པ་དང་། སྨན་བཅོས། མི་ཤུགས་ཐོན་ཁུངས། བྲིན་ཚོང་། ཞབས་ཞུ་སོགས་ཀྱི་ལས་རིགས་ཚུད་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།