བོད་ལྗོངས་ཀྱི་དངུལ་རྩའི་གནད་འཕིགས་དབུལ་སྐྱོར་ཡིད་རྟོན་དངུལ་བུན་གྱི་དངུལ་གཏོངགཞི་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས24ཉིན་ལྷ་ས་ནས་བསྡུས་པའི་བོད་ལྗོངས་ཀྱི་དངུལ་རྩས་དབུལ་ཐར་མཁྲེགས་གཏོར་ལ་རོགས་སྐྱོར་བྱེད་པའི་གནས་ཚུལ་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། 2020ལོའི་ཟླ9བའི་ཟླ་མཇུག་བར་ཏུ། བོད་ལྗོངས་ཀྱི་དངུལ་རྩས་གནད་འཕིགས་དབུལ་སྐྱོར་ལ་དབུལ་བུན་བཏང་བའི་ལྷག་གྲངས་སྒོར་དུང་ཕྱུར1301.46ལ་སླེབས་པ་དང་། དེ2016ལོ་དང་བསྡུར་ན191%འཕར་ཡོད་དེ། ལྗོངས་ཡོངས་ཀྱི་དངུལ་བུན་རིགས་སོ་སོའི་གཞི་ཁྱོན་སྤྱིའི26%ཟིན་ལ། བོད་ལྗོངས་ཀྱི2019ལོའིGDPཡི་བསྡུར་ཚད་ནི0.77:1ཡིན་པས། དངུལ་རྩའི་ཡིད་རྟོན་དངུལ་བུན་གྱི་བལྟོས་བཅས་ཀྱི་དངུལ་གཏོང་གཞི་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་ཟིན།

གཞན་ཡང་བོད་ལྗོངས་ཀྱི་ཡུལ་གཞན་དབུལ་སྐྱོར་གནས་སྤར་དངུལ་བུན་སྒོར་དུང་ཕྱུར152.38ཡོད་པ་དེ2016ལོའི་ཟླ4བར་ཡོངས་རྫོགས་བཏང་ཟིན་པ་དང་། ཡུལ་གཞན་དབུལ་སྐྱོར་གནས་སྤོར་སྤྱིའི་དངུལ་གཏོང་ལ90%ཡན་གྱི་མ་དངུལ་འདོན་སྤྲོད་བྱས་ཏེ། མ་དངུལ་ཐེངས་གཅིག་ལ་འབྱོར་བ་མངོན་འགྱུར་བྱས་ཡོད་ལ། དེས་དབུལ་ཕོངས་མང་ཚོགས་ཁྲི26.6སྡོད་ཁང་གསར་བ་རུ་གནས་སྤོར་བར་འགན་སྲུང་བྱས།

རྒྱུས་ལོན་པ་ལྟར་ན། བོད་ལྗོངས་དངུལ་ཁང་གི་དངུལ་རྩའི་སྡེ་ཁག་གིས་བསྡོམས་པས་ཞིང་སྐྱོར་དངུལ་ལེན་ཞབས་ཞུ་ས་ཚིགས55821བཙུགས་ཡོད་ཅིང་། ད་ལྟ་བོད་ལྗོངས་སུ་རྨང་གཞིའི་དངུལ་རྩའི་ཞབས་ཞུ་ལྗོངས་ཡོངས་ལ་ཁྱབ་ཏེ། རོང་འབྲོག་མང་ཚོགས་ཁྲི230ལྷག་ལ་ཕན་ཐོགས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།