ལྷ་ས་གྲོང་ཁྱེར་གྱིས་ལས་གཞི་འབྲེལ་མཐུད་བྱས་ཏེ་རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་ལ་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་སྡེ་ཚོགས་ཀྱི་བོད་ལྗོངས་སྨན་ཁང་གི་འཛུགས་སྐྲུན་ལས་གཞིས་རོང་འབྲོག་པ23ལས་ཞུགས་སྤོ་སྒྱུར་བྱེད་པར་བསྡུ་ལེན་བྱས་ཏེ། རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་རྒྱ་བསྐྱེད་དང་ཐོལ་བརྒལ་གསར་བ་འབྱུང་བར་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་བཏོན།

ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་སྡེ་ཚོགས་ཀྱི་བོད་ལྗོངས་སྨན་ཁང་རྣམ་གྲངས་པུའུ་རུ་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བས་རྣམ་གྲངས་པུའུ་ལ་འབྲེལ་གཏུགས་དང་མཐུན་སྦྱོར་ཐེངས་མང་པོ་བྱས་པ་བརྒྱུད། ལས་གཞིའི་གནས་ཚུལ་དངོས་དང་རོང་འབྲོག་པའི་ཁྱད་ཆོས་ལ་བསམ་བློ་བཏང་རྗེས། ལས་ཞུགས་ལས་གནས་རབ་དང་རིམ་པ་འབྲེལ་མཐུད་དང་གསར་སྤེལ་བྱས་ཤིང་། མལ་གྲོ་གོང་དཀར་རྫོང་གི་རོང་འབྲོག་མང་ཚོགས23ལེགས་འདེམས་བྱས་ཏེ་གནད་འཕིགས་འབྲེལ་མཐུད་བྱས་པ་དང་། དུས་འགོའི་གསོ་སྦྱོང་སྤེལ་བ་བརྒྱུད། རོང་འབྲོག་པ23ལས་གཞི་ལག་བསྟར་སྡེ་ཁག་ནང་ལས་ཞུགས་དང་ངལ་ལས་གན་རྒྱ་བཞག་ནས། ཉིན་རེའི་ཟླ་ཕོགས་མི་རེར་སྒོར240རེ་ལས་མི་དམའ་བར་ཁག་ཐེག་བྱས།

ཐེངས་འདིའི་རྩ་འཛུགས་ཅན་གྱི་ལས་ཞུགས་སྤོ་སྒྱུར་བདེ་བླག་ངང་ལེགས་འགྲུབ་བྱས་པའི་དཔེ་མཚོན་ལས་ལྷ་ས་གྲོང་ཁྱེར་གྱིས་ཚོང་རར་བརྩི་བཀུར་དང་། ཚོང་རར་གདེང་ཚོད་ཡོད་པར་བྱས་ཏེ། ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལྗོངས་ལ་བཅངས་བའི་དམིགས་བསལ་བརྩེ་སེམས་དམ་འཛིན་བྱས་ནས། རོང་འབྲོག་པའི་ལས་ཞུགས་སྤོ་སྒྱུར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་མཚོན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།