བོད་ལྗོངས་ཀྱི་ལོ་རེའི་སྔོ་ཚལ་ཐོན་འབོར་ཏུན་ཁྲི77ལ་སླེབས་ནས་སྔོ་ཚལ་དཀོན་པའི་གནད་དོན་ཐག་གཅོད་བྱས།

1.jpg

བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་གྱི་ཞིང་ལས་ཐོན་ཟོག་ཁྲོམ་རར་ཚོང་པས་སྔོ་ཚལ་ལེགས་པར་སྒྲིག་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ58ལ་སླེབས་པའི་ལྷ་སའི་གྲོང་མི་ངག་དབང་ནོར་བུས་ལག་ཏུ་ཁུག་མ་ཞིག་ཁྱེར་ཏེ་ལྕགས་པོ་རིའི་ཞིང་ལས་ཐོན་ཟོག་ཁྲོམ་ར་ནས་སོས་དལ་ངང་ཕྱིར་ཐོན་སོང་། གསར་འགོད་པས་ཁོང་ལ་ཅི་ཞིག་ཉོས་པ་ཡིན་ཞེས་དྲིས་པར། ཁོང་གིས་ཁུག་མ་ཡར་བཀྱགས་ནས་འཛུམ་དམུལ་དམུལ་ངང“ཀྲོ་མ་ཀྲུ་དང་། སྒོ་ང་། ཆིན་ཚའེ་ཉོས་པ་ཡིན”ཞེས་ལན་བཏབ།

5.jpg

ལྷ་ས་གྲོང་ཁྱེར་ལྕགས་པོ་རིའི་ཞིང་ལས་ཐོན་ཟོག་ཁྲོམ་རར་ཚོང་པས་སྔོ་ཚལ་ལེགས་པར་སྒྲིག་བཞིན་པ།

ལྕགས་པོ་རིའི་ཞིང་ལས་ཐོན་ཟོག་ཁྲོམ་ར་ནི་ཕོ་བྲང་པོ་ཏ་ལའི་ནུབ་ལོགས་སུ་ཡོད་ཅིང་། དེར་ཚོང་དུད300ལྷག་དང་ཚོང་ཁང་དང་ཚོང་བཤམས་ས600ལྷག་ཡོད། དེ་ནི་ལྷ་སའི་གྲོང་མིའི“ཤ་ཚལ་སྒོང་གསུམ”ཉོ་ཡུལ་གཙོ་བོའི་གྲས་ཤིག་རེད། “ཉིན་རེར་སྔོ་ཚལ་ཏུན7དང་། སྒོ་ང་ཏུན1.5། ཉ་རིགས་ཏུན13ཙམ་འཚོང་གིན་ཡོད”ཅེས་ལྕགས་པོ་རིའི་ཞིང་ལས་ཐོན་ཟོག་ཁྲོམ་རའི་འགན་འཁུར་བ་མ་ཞིན་གྱིས་བཤད།

2.jpg

བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་ལྷ་ཁྲི་བོད་བྱ་གསོ་སྤེལ་རྟེན་གཞི་རུ་ལས་དོན་མི་སྣས་སྒོ་ང་འདེམས་བཞིན་པ།

གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། བོད་ལྗོངས་ཀྱི་སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི38.75ཟིན་པ་དང་ལོ་རེའི་ཐོན་འབོར་ཏུན་ཁྲི77.19ཟིན་ནས་དབྱར་སྟོན་ལ་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོར་སྔོ་ཚལ་མཁོ་འདོན་བྱེད་ཚད85%ཟིན་པ་དང་དགུན་དཔྱིད་ལ་མཁོ་འདོན་བྱེད་ཚད65%ཟིན་ཡོད། བོད་རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིན་འདེབས་འཛུགས་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་དབྱང་ཅན་པིན་གྱིས“ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱི་སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་རིམ་བཞིན་ཆེ་རུ་སོང་བའི་ཁར་ལྗོངས་ཕྱི་ནས་དབོར་འདྲེན་བྱས་པ་བསྣན་ཚེ་བོད་ལྗོངས་ཀྱི་གྲོང་མིའི་སྔོ་ཚལ་གྱི་དགོས་མཁོ་གཞི་རྩའི་ཆ་ནས་སྐོང་ཐུབ་ཡོད”ཅེས་བཤད།

6.jpg

བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་པ་སྣམ་རྫོང་གི་སྔོ་ཚལ་ཐོན་སྐྱེད་རྟེན་གཞིའི་ཟུར་ཞིག 

དུས་རབས་གོང་མའི་ལོ་རབས80པའི་དུས་འགོའི་དཔྱད་གཞིའི་ཡིག་ཆ་ལས་མངོན་པ་ལྟར་ན། སྐབས་དེ་དུས་བོད་ལྗོངས་ཀྱི་ལོ་གཅིག་གི་སྔོ་ཚལ་གྱི་སྤྱིའི་ཐོན་འབོར་ཏུན་ཁྲི2.6ཙམ་ལས་མེད་པ་དང་། མི་རེའི་ལོ་རེར་ཆ་སྙོམས་བཟུང་ཚད་སྤྱི་རྒྱ14ཙམ་དང་ཆ་སྙོམས་ཉིན25རེར་སྔོ་ཚལ་སྤྱི་རྒྱ1མ་གཏོགས་བཟའ་ཐུབ་ཀྱིན་མེད།

“ཆུང་དུས་རྩམ་པ་དང་། དཀར་རིགས་ཀྱི་ཐོན་རྫས། ཤ་རིགས་བཅས་ལས་གཞན་རང་ཁྱིམ་གྱིས་བཏབ་པའི་ཞོག་ཁོག་དང་། པད་ཚལ། ལ་ཕུག་ཙམ་ལས་སྔོ་ཚལ་གཞན་བཟའ་རྒྱུ་མེད། མཚོ་ཟས་ནི་དེ་བས་ཀྱང་བཤད་མི་དགོས། ཕྱིས་སུ་སྔོ་ཚལ་ཁག་གཅིག་བཟའ་ཐུབ་ནའང་རིན་གོང་མཐོ་བས་ཉོས་པ་ཤིན་ཏུ་ཉུང་”ཞེས་ངག་དབང་ནོར་བུས་བཤད།

4.jpg

བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་རི་ཤང་ཐང་སྨད་གྲོང་ཚོའི་སྔོ་ཚལ་དཔེ་སྟོན་རྟེན་གཞིར་ལས་དོན་མི་སྣས་ལྗང་མྱུག་ལ་ལུད་འཇོག་བཞིན་པ།

སྔོ་ཚལ་དཀོན་པའི་དཀའ་ངལ་སེལ་ཆེད། བོད་ལྗོངས་ཀྱིས“ཤ་ཚལ་སྒོང་གསུམ”གྱི་ལས་གཞི་དམངས་འཚོ་ལེགས་གཏོང་གི་ལས་དོན་གལ་ཆེན་དུ་བརྩིས་པ་དང་། “ཤ་ཚལ་སྒོང་གསུམ”གྱི་ལས་གཞི་དེ་རིམ་པ་ཁག་གི་སྲིད་གཞུང་གི་ལས་རྗེས་དཔྱད་ཞིབ་ཀྱི་ནང་དོན་དུ་བཅུག་པ་མ་ཟད། “ཤ་ཚལ་སྒོང་གསུམ”གྱི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་ལམ་ལུགས་ལག་བསྟར་གྱིས་སྔོ་ཚལ་གཙོ་བོར་བྱས་པའི“ཤ་ཚལ་སྒོང་གསུམ”ཐོན་སྐྱེད་གོང་འཕེལ་ཤུགས་ཆེན་བཏང་ཞིང་། སྔོ་ཚལ་ཐོན་སྐྱེད་རྟེན་གཞི་མང་པོ་བཙུགས་ཡོད།

3.jpg

བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གླད་དག་གྲོང་ཚོའི་དྲོད་ཁང་ཆེན་མོ།

“ང་ཚོས་གནམ་གཤིས་དང་ས་རྒྱུའི་ཁྱད་ཆོས་གཞིར་བཟུང་ནས་ཞིང་ལས་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་ཆབས་ཅིག་ཏུ་མཐོ་གྲང་ས་ཁུལ་གྱི་འདེབས་རྩལ་ལ་ཞིབ་འཇུག་བྱས་ཏེ་ཀེའུ་དང་། ཆིན་ཚལ། འཁན་ཚལ་སོགས་ཀྱི་ཚལ་རིགས་ནང་འདྲེན་བྱས་པས་ལྗོངས་ཡོངས་ཀྱི་སྔོ་ཚལ་མཁོ་སྤྲོད་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད” ཅེས་དབྱང་ཅན་པིན་གྱིས་ངོ་སྤྲོད་བྱས། བོད་ལྗོངས་ཀྱིས་ད་དུང་བོད་བྱ་གསོ་སྤེལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་བོད་བྱའི་ཚད་ལྡན་ཅན་གྱི་གསོ་སྤེལ་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ2019ལོར་བོད་ཀྱི་བྱ་སྒོང་ཐོན་ཚད་ཏུན5366.44ཟིན་ཡོད།

7.jpg

བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོའི་གྲོང་མིས་དྲོད་ཁང་དུ་སྔོ་ཚལ་འཐོག་བཞིན་པ། 

དེང་སྐབས་སྔོ་ཚལ་དང་བྱ་སྒོང་སོགས་བོད་ལྗོངས་ཀྱི་ཡུལ་མིའི་གསོལ་ཅོག་ཐོག་སླེབས་ཡོད། དུས་ཚིགས་གང་དུའང་བོད་ལྗོངས་ཀྱི་ཡུལ་མིའི་ཁྱིམ་ཚང་དུ་སོང་ན་ཞོ་དང་ཤ་སོགས་བོད་ཀྱི་ཁྱད་ལྡན་ཟས་རིགས་བཟའ་རྒྱུ་ཡོད་པ་མ་ཟད། སྔོ་ཚལ་དང་བྱ་སྒོང་སོས་པའང་བཟའ་རྒྱུ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།