བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་འཕྲང་མགོ་ཤང་མཐུན་སྒྲིལ་གྲོང་གསར་གྱི་གྲོང་མིའི་གཞིས་ཁྱིམ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ལོ་མཇུག་ཏུ་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས)12ཚང་མའི་དབུལ་ཞྭ་ཕུད་པ་དང་། དབུལ་བོར་གྱུར་ཚད19.3%ནས0.23%བར་ཆག་པ་རེད། 2019ལོར་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་འབོར་གཙང་སེལ་དང་ཕྱོགས་བསྡུས་དབུལ་པོར་འགྱུར་ཚད་ཀླད་ཀོར་བར་ཆག་ནས་དབུལ་བོ་དབུལ་ནག་མེད་པོར་བཟོ་བའི་དམིགས་ཚད་མངོན་འགྱུར་བྱུང་བ་རེད།
ལྷོ་ཁ་གྲོང་ཁྱེར་གྱི་དབུལ་ཐར་མཁྲེགས་གཏོར་ལས་དོན་བསྟུད་མར་ལོ་བཞིའི་རིང་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས“ཕྱོགས་བསྡུས་གདེང་འཇོག་ཡག་པོ”དང“གྲུབ་འབྲས་ཡག་པོར”བདམས་པས།རང་རྟོགས་ངང་དབུལ་ཐར་བྱེད་པ་དང་། རང་སྟོབས་རང་སྤེལ། དཔེ་སྟོན་སྣེ་ཁྲིད་བཅས་ཀྱི་སྔོན་ཐོན་དཔེ་མཚོན་འབོར་ཆེན་ཞིག་ཐོན་པ་དང་རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་མང་ཚོགས་དབུལ་བོའི་ཐོབ་སྣང་དང་། སྐྱིད་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས།
ལྷོ་ཁ་གྲོང་ཁྱེར་གྱིས་རྨང་གཞི་འདིང་བ་དང་། རྒྱང་རིང་ལ་ཕན་པ། ཡུན་རིང་ལ་བརྟན་པ་བཅས་རྒྱུན་འཁྱོངས་བྱས་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་ཤུགས་ཆེན་བཏོན། “མཐོར་འདེགས་ལས་གཞི་བཅུ”ཡི་རྣམ་གྲངས253ལག་བསྟར་བྱས་ཏེ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར272.32བཏང་ནས་ཞིང་སྡེའི་གཞུང་ལམ་དང་། ཞིང་ནང་ཆུ་བེད། འཚོ་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་སུ་བཏང་།
ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གུང་ཁང་གྲོང་ཚོ།
དམངས་འཚོ་ལེགས་བཅོས་ཐད་ལྷོ་ཁ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི6537.06བཏང་ནས་ཁང་རྙིང4423ཞིག་གསོ་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར4.67བཏང་ནས་དུས་ཚིགས་རང་བཞིན་གྱི་འཐུང་ཆུའི་བདེ་འཇགས་ས་ཚིགས841བསྐྲུན་ཏེ་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་གནད་དོན་རྦད་དེ་ཐག་གཅོད་བྱས་པ་རེད། བསྡོམས་རྩིས་བྱས་ན་སློབ་གསོ་འགན་ལེན་ཐད་མ་དངུལ་སྒོར་དུང་ཕྱུར35.16བཏང་། སྒོར་ཁྲི1000གི་ནད་ལྕི་མོའི་རོགས་སྐྱོབ་ཐེབས་རྩ་བཙུགས་པ་དང་། རྫོང(ཆུས)སོ་སོར་མ་དངུལ་སྒོར་ཁྲི50ཡན་གྱི་མ་དངུལ་སྔོན་བསྐྱི་སོགས་ཀྱི་ལམ་སྲོལ་བཙུགས་ནས་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་བོའི་ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་ཚད100%ཟིན་པ་རེད།
རྩེད་ཐང་ནས་གོང་དཀར་བར་གྱི་མཐོ་རིམ་གཞུང་ལམ།
མིག་སྔར། ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བྱེ་འགོག་བྱེ་བཅོས་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར18ཙམ་བཏང་སྟེ་སྐྱེ་ཁམས་དབུལ་སྐྱོར་ཐོན་ལས་རྣམ་གྲངས30ལག་བསྟར་བྱས་པ་དང་། ཤིང་ཏོག་གི་ནགས་ཚལ་སོགས་མུའུ་ཁྲི4ལྷག་ཙམ་འདེབས་འཛུགས་བྱས་ནས་སྡོང་འཛུགས་ནགས་སྐྲུན་མུའུ་ཁྲི4.5ལྷག་ཙམ་ལེགས་འགྲུབ་བྱུང་བ་དང་བྱེ་འགོག་བྱེ་བཅོས་རྒྱ་ཁྱོན་མུའུ་ཁྲི40ལྷག་ཙམ་ཟིན་ཡོད།
ལྷོ་ཁ་གྲོང་ཁྱེར་གྲ་ནང་དེང་རབས་རོང་འབྲོག་ཐོན་ལས་གླིང་གི་འབྲི་ཏ་ས་འཛིན།
ལས་ཞུགས་གཞན་སྒྱུར་ཐད། ལྷོ་ཁ་གྲོང་ཁྱེར་གྱིས་བསྡོམས་པས་གསོ་སྦྱོང་གི་མ་དངུལ་སྒོར་ཁྲི3472.99བཏང་ནས“མི་ཁྲིའི་རྩལ་ནུས་གསོ་སྦྱོང་”གི་ལས་གཞི་ལག་བསྟར་བྱས་ཏེ་དུད་ཚང་དབུལ་བོའི་ངལ་རྩོལ་ནུས་ཤུགས་མི་ཐེངས16420གསོ་སྦྱོང་བྱས་པ་རེད། རོང་འབྲོག་པའི་མཉམ་འབྲེལ་རུ་ཁག432སྒྲིག་འཛུགས་བྱས་ནས་ངལ་ནུས་གཞན་སྒྱུར་ལས་ཞུགས་ཀྱི་མི་གྲངས32201ལ་སྣེ་ཁྲིད་བྱས་པ་དང་། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར3.7བྱུང་ཡོད། གྲོང་སྲོལ་དམངས་ཆིངས1688འཐུས་ཚང་དུ་བཏང་སྟེ་རང་བརྟེན་དབུལ་ཐར་གྱི་སྔོན་ཐོན་དཔེ་མཚོན་སྐོར་གཅིག་ཐོན་ནས་མང་ཚོགས་དབུལ་བོའི་ནང་གནས་སྒུལ་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
ལྷོ་ཁ་གྲོང་ཁྱེར་གྱིས་དབུལ་བོ་དབུལ་ནག་མེད་པར་བཟོ་བའི་དམིགས་ཚད་མངོན་འགྱུར་བྱུང་།