བོད་ལྗོངས་ཀྱི་ཤང་དང་གྲོང་རྡལ490ལ་གནམ་གཤིས་དབུལ་སྐྱོར་གྱི་སྤྱི་ཕན་ལས་གནས585བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་དུས་ཀྱི་བོད་ལྗོངས་ལྷག་པར་གྲང་ཞིང་། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྨ་ཆུ་ཤང་གི་གྲོང་མི་རིག་འཛིན་གྱིས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་17གྱི་གྲང་ངར་ལ་མ་འཛེམས་པར་ས་བབ་མཐོ་ཚད་སྨི་4940ཡོད་པའི་རྨ་ཆུ་ཤང་གི་མི་མེད་རང་འགུལ་གནམ་གཤིས་ས་ཚིགས་སུ་ཡོང་། ལྟ་དཔྱད་ཚད་འཇལ་སྒྲིག་ཆས་སྣ་ཚོགས་འཁོར་སྐྱོད་བྱེད་ཚུལ་ལ་ཞིབ་བཤེར་བྱ་རྒྱུ་ནི་ཁོང་གིས་གནམ་གཤིས་ལྟ་དཔྱད་ཚད་འཇལ་དབུལ་སྐྱོར་གྱི་སྤྱི་ཕན་ལས་གནས་ཐོག་ཉིན་ལྟར་སྒྲུབ་དགོས་པའི་བྱ་བ་ཞིག་རེད།

གསར་འགོད་པས་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་490ལ་གནམ་གཤིས་ལྟ་དཔྱད་ཚད་འཇལ་གྱི་དབུལ་སྐྱོར་སྤྱི་ཕན་ལས་གནས་585བཙུགས་པ་དང་། བྱེད་ཐབས་དེས་ཐག་རིང་ལུང་ཁུག་ས་ཁུལ་གྱི་མི་མེད་རང་འགུལ་གནམ་གཤིས་ས་ཚིགས་ལ་ལྟ་སྲུང་དང་བདག་སྐྱོང་བྱེད་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་མ་ཟད། དེ་དང་ཆབས་ཅིག་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་རམ་བྱས་པས་མང་ཚོགས་དབུལ་པོའི་ཡོང་འབབ་ཀྱང་མང་དུ་བཏང་ཡོད།

བོད་ཀྱི་སྣོད་བཅུད་ཁོར་ཡུག་བལྟོས་བཅས་ཀྱིས་ཉམས་ཞན་ཡིན་པས་གནམ་གཤིས་ཀྱི་གནོད་འཚེ་དང་དེ་བཞིན་ཞོར་ཐོན་གནོད་འཚེ་ཡང་ཡང་ཐོན་གྱི་ཡོད། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་ཤང་དང་གྲོང་རྡལ་དབུལ་པོའི་གནམ་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། 2019ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ་དབུལ་པོ་685ཚང་མར་རང་འགུལ་གནམ་གཤིས་ས་ཚིགས་བསྐྲུན་པ་དང་ཤང་དང་གྲོང་རྡལ་དུ་རང་འགུལ་གནམ་གཤིས་ས་ཚིགས་ཁྱབ་ཚད་100%ཟིན་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།