ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་གསར་གཏོད་ལ་བརྟེན་ནས་དེང་རབས་ཐོན་ལས་མ་ལག་བསྐྲུན་ཏེ་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ།

139572035_16073903962441n.jpg

འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཟུར་ཞིག་ཡིན་པ།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག“དེང་རབས་ཐོན་ལས་མ་ལག་འཕེལ་རྒྱས་མགྱོགས་སུ་བཏང་ནས་དཔལ་འབྱོར་མ་ལག་ལེགས་སྒྱུར་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བ། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་སུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་སུ་གཏོང་བ། ནུས་རྒྱུ་གསར་བརྗེར་སྐུལ་འདེད་གཏོང་བ། གྲངས་འཛིན་ཅན་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱེད་དགོས”ཞེས་བཏོན་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་དཔལ་འབྱོར་དམིགས་ཚད་ཁག་བརྟན་ཐོག་ཡར་འཕེལ་བྱུང་ནས་ཕྱོགས་བསྡུས་སྟོབས་ཤུགས་རང་སྐྱོང་ལྗོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། སྔོན་དཔག་ལྟར་ན“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་ལྡབ་གཅིག་འཕར་ནས་སྒོར་དུང་ཕྱུར་60ཡི་འགག་སྒོ་ཆེན་པོ་ལས་བརྒལ་བ་དང་། གྲོང་གསེབ་ཀྱི་ཡུལ་མིའི་ལོ་རེའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2ཙམ་ཟིན་རྒྱུ་རེད།

དེང་རབས་ཟོག་འགྲེམས་ལྟེ་གནས་བསྐྲུན་ནས་དེང་རབས་ཀྱི་འཁོར་རྒྱུག་མ་ལག་བཏོད་པ།

ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཟམ་མི་ཆད་པར་འཕར་བ་དང་བཟའ་བཅའི་བདེ་འཇགས་འདུ་ཤེས་རིམ་བཞིན་ཟབ་ཏུ་ཕྱིན་པ་དང་བསྟུན་ནས། སྔོ་ཚལ་གྱི་སྣ་ཁ་དང་ཤིང་འབྲས་སོས་པ་སོགས་མང་ཚོགས་ཀྱི་དགོས་མཁོ་ཇེ་ཆེར་ཕྱིན་ཡོད་ལ། གྲང་ཕྲེང་དང་ཟོག་འགྲེམས་སོགས་མང་ཚོགས་ཀྱི“ཤ་ཚལ་སྒོང་གསུམ”དང་འབྲེལ་བ་ཡོད་པའི་ལྷུ་ཚིགས་ལའང་དོ་སྣང་དེ་བས་ཆེན་པོ་བྱེད་བཞིན་ཡོད།

2020ལོའི་ལོ་མཇུག་ཏུ་སྤྱོད་ཉེར་ཡོད་པའི་བོད་ལྗོངས་ས་མཐོའི་གྲང་ཕྲེང་ཚོང་དོན་ཟོག་འགྲེམས་ལྟེ་གནས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་5བཏང་བ་དང་། རྒྱ་ཁྱོན་མུའུ་100ཟིན་ཡོད། འདི་ནི་གཞི་ཁྱོན་དང་ཆེད་ལས་གཅིག་ཏུ་འདུས་པའི་བོད་ཀྱི་གྲང་ཕྲེང་ཁྲོམ་ར་ཞིག་ཡིན་ཞིང་། རྣམ་གྲངས་ལ་སྔོན་ཐོན་གྱི་དེང་རབས་དངོས་ཟོག་སྐྱེལ་འདྲེན་དོ་དམ་བྱེད་སྟངས་སྤྱད་པ་བརྒྱུད། ད་ཡོད་ཀྱི་ཟོག་འགྲེམས་ལྟེ་གནས་དང་མཛོད་ཉར་རྟེན་གཞིར་བརྟེན་ནས་ཟོག་འགྲེམས་ཁེ་ལས་དང་ཟོག་འདྲེན་ཀུང་སི་སོགས་འཐུས་སྒོ་ཚང་བའི་ཟོག་འགྲེམས་མ་ལག་བསྡུ་སྒྲིལ་དང་ཚད་ལྡན་དུ་བཏང་སྟེ། ས་མཐོའི་ཟོག་འབྲེལ་དུས་རབས་ཀྱི“མཐའ་མའི་འགག་གནད”བསལ་ཡོད། ས་མཐོའི་བཟའ་བཅའི་གྲང་ཕྲེང་ལྟེ་གནས་བསྐྲུན་པ་བརྒྱུད། མང་ཚོགས་ཀྱི“ཤ་ཚལ་སྒོང་གསུམ”རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ནས་མི་སེར་ལ་སྐྱིད་སྣང་དེ་བས་མང་བ་བྱུང་ཡོད།

2016ལོ་ནས་བཟུང་། དྲ་ཐོག་ཚོང་དོན་གྱི་གཟིགས་སྐྱོང་སྲིད་ཇུས་ཀྱི་སྐུལ་འདེད་འོག བོད་དུ་བཅའ་སྡོད་དྲ་ཐོག་ཚོང་དོན་དང་ཟོག་འགྲེམས་ཁེ་ལས་མགྱོགས་མྱུར་མང་དུ་ཕྱིན་ནས་ལྷ་ས་ཧང་ལུང་ཟོག་འགྲེམས་ཚད་ཡོད་ཀུང་སི་ནི་དེའི་གྲས་ཤིག་ཡིན་ཞིང་། ཀུང་སི་དེ་2013ལོར་མ་དངུལ་སྒོར་དུང་ཕྱུར་2.67བཏང་ནས་བསྐྲུན་པ་ཞིག་ཡིན་པ་དང་། བསྡུ་འགྲེམས་ལྟེ་གནས་སུ་ལྷ་སར་དམིགས་བསལ་ཡོད་པའི་ཕྱོགས་བསྡུས་དངོས་ཟོག་ལྕགས་ལམ་ཆེད་སྤྱོད་ལམ་ཐིག་གཉིས་བཀོད་སྒྲིག་བྱས་ཡོད་པས། བོད་ནང་ཁུལ་གྱི་དངོས་ཟོག་ཆེ་རིགས་བརྗེ་རེས་ནུས་ལྡན་ཐུབ་ཀྱི་ཡོད། ཉོ་ཚོང་ལྟེ་གནས་སུ་སྨི་ངོས་གྲུ་38000ཟིན་པའི་བླ་གབ་མེད་པའི་དངོས་ཟོག་འཇོག་ས་ཆེ་གྲས་ཡོད་པ་དེར་དུས་གཅིག་ཏུ་ཏུན་ཁྲི་40ཟིན་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་དངོས་ཟོག་འཇོག་ཐུབ་ཀྱི་ཡོད། ལྕགས་ལམ་ཆེད་སྤྱོད་ལམ་ཐིག་ས་ཁུལ་དང་གྲོང་ཁྱེར་ཁག་གི་དངོས་ཟོག་ཆེ་རིགས་མཛོད་ཉར་བསྡུ་འགྲེམས་ལྟེ་གནས་དང་ཐད་ཀར་ཤར་གཏོང་ཐུབ་ནས། གཞི་གཅིག་ཅན་གྱི་ཚད་གཞི་མཐོ་ཤོས་ཀྱི་ཞབས་འདེགས་ཞུས་ནས་སྐྱེལ་འདྲེན་ནུས་པ་ཆེ་རུ་བཏང་སྟེ་ས་ཁོངས་དབར་གྱི་ཚོང་དོན་འཁོར་རྒྱུག་ལ་འདེགས་སྐྱོར་བྱས་ནས་ཚོང་ཤག་ལ་མ་གནས་དམའ་རུ་འགྲོ་བ་དང་འབབ་འཕར་ཡོང་རོགས་བྱས་ཡོད།

ལམ་ཐིག་གཉིས་སྦྲེལ་གྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྤུས་ཚད་ལེགས་པོས་འཕེལ་རྒྱས་བཏང་བ།

འདི་ལོའི་ཟླ་8པར། མཚུར་ཕུ་རོང་དུ་སྔོ་ལྗང་གི་རྩྭ་ཐང་དང་། ཤ་ཤེད་རྒྱས་པའི་ནོར་ལུག ཤང་ཤང་དུ་རྒྱུག་པའི་ཆུ་བོ་བཅས་ཡོད་ཅིང་། སྟོད་ལུང་བདེ་ཆེན་ཆུས་མཚུར་ཕུ་རོང་གི་རི་ཁུལ་རྐང་འཁོར་འགྲན་བསྡུར་སྐབས་དྲུག་པར་ལྟ་བར་ཡོང་མཁན“དྲ་ཐོག་མིང་ཅན”ཀྲང་པིན་གྱིས་ཐད་གཏོང་ཁང་གི་ལྟད་མོ་བ་དང་སྤེལ་རེས་ཡང་ཡང་བྱས་ཏེ། ཞང་ཞུང་མེ་ཏོག་དང་། བདེ་སྐྱིད་བོད་ཁྱིམ། མཚུར་ཕུ་རོང་སོགས་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཡུལ་སྐོར་ཐོན་ཁུངས་རྩེ་གྲ་དང“སྒོར་གཅིག་གིས་སྟོད་ལུང་སྐོར་བའི”ཡུལ་སྐོར་ཆེད་སྤྱོད་ལམ་ཐིག་རྒྱ་ཆེའི་དྲ་གྲོགས་ལ་ངོ་སྤྲོད་བྱས་ཤིང་། རྒྱལ་ཡོངས་ས་གནས་ཁག་གི་དྲ་གྲོགས་ཚོས་ངེས་པར་དུ་སྟོད་ལུང་བདེ་ཆེན་ཆུས་སུ་ཉམས་ལེན་བྱེད་པར་ཡོང་གི་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བརྗོད།

“སྒོར་གཅིག་གིས་སྟོད་ལུང་སྐོར་བའི”བྱེད་སྒོ་2018ལོའི་ཟླ་6པར་དྲིལ་བསྒྲགས་འོས་སྦྱོར་བྱེད་འགོ་ཚུགས་པ་དང་འབྲེལ། 2019ལོ་དང་2020ལོར་བསྟུད་མར་ལོ་གཉིས་ཡུལ་སྐོར་གྱི་ཆེད་སྤྱོད་ལམ་ཐིག་ཁྱབ་གདལ་གཏོང་བའི་བྱེད་སྒོ་སྤེལ་བ་དང་། དེའི་དམིགས་ཡུལ་ནི་སྟོད་ལུང་བདེ་ཆེན་ཆུས་ཀྱི་དགུན་དུས་ཡུལ་སྐོར་སྤུས་རྟགས་བཏོད་དེ་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཡུལ་སྐོར་ས་ཁོངས་ཧྲིལ་པོ་དང་ཡུན་རིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ལྷ་སའི་ཡུལ་སྐོར་སྐོར་ལམ་ཆེན་པོའི་་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་ནས། གྲོང་གསེབ་དང་གྲོང་ཁྱེར་གྱི་ཡུལ་སྐོར་སྐོར་ལམ་བཏོད་པ་བརྒྱུད། ལམ་ཐིག་གཉིས་སྦྲེལ་དང་ཡུལ་སྐོར་ཐོན་ཁུངས་སྡེབ་སྒྲིག་ཐུབ་ནས། ཚོང་ལས་རིག་གནས་དང་། བཟོ་ལས་རིག་གནས། ཞིང་སྡེའི་རིག་གནས། གསར་བརྗེའི་རིག་གནས་བཅས་ཕན་ཚུན་སྤེལ་རེས་ལ་སྐུལ་མ་ཐེབས་ཏེ། སྣོད་བཅུད་ལྟ་སྐོར་དང་། རང་བྱུང་འཚོལ་ཞིབ། ལུས་རྩལ་ཉམས་ལེན། རིག་གནས་རྒྱུན་འཛིན་བཅས་ནས་བདེ་ཐང་ལུས་གསོ་དང་། སྤྲོ་གསེང་ཡུལ་སྐོར་བར་གྱི་མ་ལག་ཆ་ཚང་ཞིག་འགྲུབ་པ་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། སྟོད་ལུང་བདེ་ཆེན་ཆུས་ཀྱི་དཔལ་འབྱོར་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱས་ཡོད།

ཀྲའོ་ཡན་གྱིས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་རིག་གནས་ཡུལ་སྐོར་ལུས་རྩལ་ཐོན་ལས་ཚུད་པའི་དེང་རབས་ཀྱི་ལེགས་ཆ་ལྡན་པའི་ཞབས་ཞུའི་ལས་རིགས་རྒྱ་སྟོབས་ཆེ་རུ་ཧུར་ཐག་བཏང་ནས་ས་མཐོའི་ཁྱད་ལྡན་དེང་རབས་ཞིང་ལས་དང་། ས་མཐོའི་སྐྱེ་དངོས་ཐོན་ལས། རིག་གནས་ཡུལ་སྐོར་ལུས་རྩལ་ཐོན་ལས། ས་མཐོའི་སྨན་བཅོས་དང་བདེ་ཐང་ལུས་གསོ་ཐོན་ལས་དང་ས་གཙང་བདེ་ཐང་ཐོན་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་མ་ལག་ཟམ་མི་ཆད་པར་ལེགས་སུ་བཏང་བ་དང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་བཏང་ནས་དངོས་ཚན་དཔལ་འབྱོར་མཉམ་འདྲེས་འཕེལ་རྒྱས་མ་ལག་ལ་སྐུལ་ཁྲིད་ཧུར་ཐག་བྱས་ཡོད།

དེ་དང་དུས་མཚུངས། སྟོད་ལུང་བདེ་ཆེན་ཆུས་ཀྱིས་ད་དུང་རིག་གནས་དང་ཡུལ་སྐོར་གྱི་གསར་བརྗེའི་ཐོན་ཁུངས་དང་ཤུལ་བཞག་ཡུལ་སྐོར་ཟུང་འབྲེལ་བྱས་ཏེ་གཅིག་འཐུས་རྣམ་པའི་ཕྱི་རོལ་ལུས་རྩལ་དང་སྤྲོ་གསེང་ཉམས་ལེན་རྟེན་གཞི་བསྐྲུན་པ་དང་། མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་བསྐྲུན་པ། རོལ་རྩེད་ཞོར་ལ་སློབ་གསོ་རྒྱག་པའི་ཐབས་ལ་བརྟེན་པ། “གསར་བརྗེའི་རིག་གནས་དར་སྤེལ་གཏོང་བ”དམིགས་ཡུལ་དུ་བྱེད་པའི་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་ཁྱམས་རིང་ཞིག་ཆགས་པར་བྱས་ནས། དུས་རབས་གསར་པའི་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དང་མི་རིགས་ལས་དོན་གྱི་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དཔལ་འབྱོར་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ།

ཉེ་བའི་ལོ་ཤས་རིང་སྟོད་ལུང་བདེ་ཆེན་ཆུས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་། ཐོན་ལས་སྟོབས་ཆེན་ཁུལ་གྱི་བྱ་ཐབས་ལག་བསྟར་གཏིང་ཟབ་བྱས་པ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཐོན་པར་སྐུལ་འདེད་བཏང་བ། དགེ་མཚན་ལྡན་པའི་རྒྱུ་རྐྱེན་གཙོ་བོ་དང་ཐོན་ལས་ཀྱི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་གཞན་དག་ཕན་ཚུན་མཉམ་འདྲེས་ལ་དོ་སྣང་བྱས་པ། གྲངས་འཛིན་ཅན་གྱི་ཞབས་ཞུའི་མ་ལག་སྐྲུན་པ་བཅས་བརྒྱུད། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། འཛུགས་སྐྲུན་རྒྱུ་ཆ་དཔེ་གསར་དང་། ས་མཐོའི་ཁྱད་ཆོས་ལྡན་པའི་བཟའ་བཅའ་ལས་སྣོན། འོད་ཤུགས་ནུས་རྒྱུ་སོགས་ཁྱད་ལྡན་བཟོ་ལས་སྐྱེད་སྲིང་མགྱོགས་སུ་བཏང་བ་དང་། ས་ཞིང་ལེགས་བསྡུས་ཞིབ་གཉེར་དང་གྲོན་ཆུང་བེད་སྤྱོད་ནུས་ལྡན་བྱས་པ། བཟོ་ལས་དཔལ་འབྱོར་གྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ནུས་ལྡན་བཏང་བ་བཅས་བརྒྱུད། ཤེས་ལྡན་མི་སྣ་དང་། ལག་རྩལ། མ་དངུལ་སོགས་ཀྱི་རྒྱུ་རྐྱེན་གཙོ་བོ་དངོས་ཚན་དཔལ་འབྱོར་ཕྱོགས་སུ་བཀོད་སྒྲིག་ལེགས་སྒྱུར་དང་གཅིག་སྡུད་ཐུབ་ཡོད།

“ལོ་ལྔ་ཚན་བཅུ་བཞི་པའི”རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་5Gསྦྲེལ་ཚུགས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ས་ཁམས་ཆ་འཕྲིན་དང་། སྨན་བཅོས་ཆ་འཕྲིན། རྒན་གསོའི་ཆ་འཕྲིན་བཅས་ཀྱི་སྤྱི་པའི་དོ་དམ་ལས་སྟེགས་སྐྲུན་པ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་འདིང་བ། ཐོན་ལས་གྲངས་འཛིན་ཅན་ལ་སྒྱུར་བ་དང་ཐོན་ལས་དྲ་སྦྲེལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། དཔལ་འབྱོར་འཁོར་རྒྱུག་མ་ལག་གི་བརྟན་པོའི་རང་བཞིན་ཆེ་རུ་གཏོང་རྒྱུ་རེད། བཟོ་ལས་གླིང་གི་གཙོ་གནད་བཟོ་སྐྲུན་ཁེ་ལས་ལ་དམིགས་ནས། རིག་ནུས་བཟོ་སྐྲུན་སྤྲིན་ཚོམ་ཞབས་ཞུའི་ལས་སྟེགས་དང་ཆ་འཕྲིན་བདེ་འཇགས་མ་ལག་སོགས་བཟོ་སྐྲུན་ལས་རིགས་སུ་འདུས་གྲུབ་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། རིག་ནུས་ཅན་གྱི་ལག་རྩལ་སྤྱོད་པ། སྲོལ་རྒྱུན་གྱི་ཐོན་ལས་ལེགས་སྒྱུར་རིམ་སྤོར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། གསར་གཏོད་ཀྱི་གསོན་ཤུགས་དེ་བས་འཕེལ་ཁ་བཅས་བྱེད་པ་དེ་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཤིག་ཏུ་གྱུར་བར་བྱེད་རྒྱུ་རེད།

སྐྲུན་བཞིན་པའི་བོད་ལྗོངས་ལིན་ཧྥུང་རིག་ལྡན་ཟོག་འགྲེམས་གླིང་གིས“རིག་ནུས་དོ་དམ་དང་། འཁོར་མེད་ཟོག་འདྲེན་འགན་ལེན(དྲ་རྒྱའི་ཟོག་འདྲེན)མཁོ་སྤྲོད་སྦྲེལ་ཐག་དངུལ་རྩ”བཅས་གཉེར་སྐྱོང་རྨང་གཞིར་བྱས་པ་དང་། 5Gདང་། AIམི་མེད་སྒྲིག་ཆས་སོགས་ལག་རྩལ་མ་ལག་གསར་པའི་ནུས་པར་བརྟེན་པ་བརྒྱུད། དེང་རབས་རིག་ལྡན་ཟོག་འདྲེན་གླིང་འཛུགས་པ་དང་། ཚོང་ཟོག་ཆེ་རིགས་ཀྱི་དངོས་ཟོག་སྐྱེལ་འདྲེན་དང་དོ་དམ་ཚད་ལྡན་ཅན་དང་། རིག་ནུས་ཅན། རང་འགུལ་ཅན་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད། གླིང་ཁུལ་བསྐྲུན་རྗེས། ཚོད་དཔག་བྱས་ན། ལོ་རེར་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་ཁྲི་1100ཟིན་རྒྱུ་ཡིན་པ་དེས་ལྷ་ས་གྲོང་ཁྱེར་གྱི་འདོན་འཇུག་བྱེད་ཚད་བསྡོམས་འབོར་གྱི་45%ཟིན་གྱི་ཡོད།

“‘ལོ་ལྔ་ཚན་བཅུ་བཞི་པའི’རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས‘ལྟེ་གནས་གྲོང་ཁྱེར་གྱི་ལྟེ་བ་ཕལ་པའི’འཐབ་ཇུས་ངེས་གནས་ལ་གཞི་ཚུགས་ཏེ། སྟོད་ལུང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་དང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་སྐྲུན་པ་དང་། དེང་རབས་ཟོག་འགྲེམས་ལྟེ་གནས་འཛུགས་སྐྲུན་བརྒྱུད་དེང་རབས་ཀྱི་འགྲོ་རྒྱུག་མ་ལག་བཏོད་དེ། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་མཁོ་སྤྲོད་ཕན་ཚུན་སྐུལ་འདེད་དང་། ཐོན་ཚོང་མཉམ་སྤེལ། ཕྱི་ནང་འབྲེལ་མཐུད། ཁྱབ་འགྱེད་ཁྱབ་ཁོངས་དེ་བས་ཆེ་བ་དང་། འདུས་འདུས་ཕན་འབྲས་དེ་བས་ཆེ་བ། ཞབས་འདེགས་ནུས་པ་དེ་བས་ལེགས་པ། འཁོར་སྐྱོད་ལས་ཕྱོད་དེ་བས་ཆེ་བ་བཅས་ཀྱི་དེང་རབས་ཀྱི་འཁོར་རྒྱུག་མ་ལག་ཅིག་ཆགས་པ་དང་འབྲེལ། ལྗོངས་ཡོངས་ཀྱི་ཟོག་འགྲེམས་དྲ་རྒྱའི་འགག་རྩའི་ལྷུ་ཚིགས་དང་། ལས་སྟེགས་གལ་ཆེན། རྐང་འཛིན་ལྟེ་བའི་ནུས་པ་བཅས་འདོན་སྤེལ་བྱེད་རྒྱུ་རེད”ཅེས་ཀྲའོ་ཡན་གྱིས་བརྗོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།