བྲག་ཡིབ་ཆུས་ཀྱིས་གྲོང་གསེབ་ཏུ་རིག་རྩལ་འཁྲབ་སྟོན་བྱས་ནས་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།་ལོ་ཚུན་དུ། བྲག་ཡིབ་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་ཁུལ་ཁོངས་ཀྱི་ཁྱད་ལྡན་མངོན་མིན་རིག་གནས་ཤུལ་བཞག་དང་ཟུང་འབྲེལ་བྱས་ཏེ། ཀོང་པོའི་ཕུལ་བྱུང་སྲོལ་རྒྱུན་གླུ་གར་དང་རིག་རྩལ་རིགས་ཀྱི་རིག་གནས་དར་སྤེལ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས། རིམ་པ་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་དང་། གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག རིག་རྩལ་དང་བླངས་པ་སོགས་མི་ཐེངས742སྒྲིག་འཛུགས་ཀྱིས་ཆེད་དོན་འཁྲབ་སྟོན་ཐེངས36བྱས་པ་དེ་བྲག་ཡིབ་ཆུས་ཀྱི་ཤང(གྲོང་རྡལ)6དང་སྲིད་འཛིན་གྲོང་ཚོ36ལ་ཁྱབ་ནས་ཞིང་འབྲོག་མང་ཚོགས་མི་ཐེངས7200ལྷག་ཙམ་ལ་ཕན་པ་ཐོབ་པ་དང་། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད།

ཞིབ་ཚགས་གནད་སྨིན་ངང་འཁྲབ་སྟོན་བྱས་ནས་ཁྱད་ལྡན་དང་ཟུང་འབྲེལ་གྱིས་ཉམས་འགྱུར་མངོན་པར་བྱས་ཤིང་། བྲག་ཡིབ་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་རིམ་པ་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་དང་། གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག རིག་རྩལ་དང་བླངས་པ་སོགས་ཀྱི་རང་ངོས་ཀྱི་ཁྱད་ཆོས་ལ་བརྟེན་ནས། ཕུལ་བྱུང་སྲོལ་རྒྱུན་གླུ་གར་དང་རིག་རྩལ་རིགས་ཀྱི་ལེ་ཚན་གཏན་འཁེལ་བྱས་པ་དང་། ཞིང་དལ་གྱི་དུས་ཚོད་སྤྱད་དེ་འཚང་གཡོལ་ངང་ལྟད་མོ་ལྟ་རྒྱུ་ཁྱབ་གདལ་བཏང་བ་དང་ཕུལ་བྱུང་གི་སྲོལ་རྒྱུན་གླུ་གར་དང་རིག་རྩལ་རིགས་ཀྱི་ལེ་ཚན་གྲོང་གསེབ་ཏུ་འཁྲབ་སྟོན་བྱ་རྒྱུར་སྐུལ་འདེད་བཏང་བ། ཀོང་པོའི་སྒྲ་བརྙན་དཀྲོལ་གཏོང་སོགས་ཀོང་པོའི་ཁྱད་ཆོས་ཟབ་མོ་ལྡན་པའི་དམངས་ཁྲོད་སྲོལ་རྒྱུན་གླུ་གར་དང་རིག་རྩལ་འཁྲབ་སྟོན་བྱས་པ་བརྒྱུད། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀོང་པོའི་ས་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོང་ལས་དོན་ནང་ཞུཌ་པར་སྐོང་འཐེན་ནུས་ལྡན་བྱས་ནས་བྲག་ཡིབ་ཆུས་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་ཆེན་པོ་ཡོང་བར་སྟོབས་ཤུགས་བསྣན་ཡོད།

སེམས་ནུས་ཡོད་རྒུས་ཁྱབ་གདལ་ཤུགས་ཆེན་བཏང་ནས་ཟློས་གར་གྲོང་གསེབ་ཏུ་འཁྲབ་སྟོན་བྱེད་པར་རམ་འདེགས་བྱས་ཤིང་། བྲག་ཡིབ་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་གང་མགྱོགས་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཏེ། རྣམ་པ་སྣ་ཚོགས་ཀྱི་དེང་རབས་གླུ་གར་སྲོལ་རྒྱུན་གླུ་གར་དང་མཉམ་འདྲེས་ནུས་ལྡན་བྱས་ནས་ལེ་ཚན་གྱི་ཡིད་དབང་འཕྲོག་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།