རང་རྒྱལ་གྱི་ས་བབ་ཆེས་མཐོ་བའི་ཤང་གི་རོང་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱུང་།

139578855_16075876723711n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་གི་མཚོ་ངོས་ལས་མཐོ་ཚད་སྨི5373ཡོད་པ་དང་། མཁའ་རླུང་ནང་གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་40%ལས་མེད་པས། དེ་ནི་རང་རྒྱལ་གྱི་ས་བབ་ཆེས་མཐོ་བའི་ཤང་ཡིན། གནས་དེ་རུ་དབུགས་འབྱིན་རྔུབ་བྱེད་པར་དཀའ་ཁག་ཆེན་པོ་ལྡན་པ་དང་། འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་ཐོན་སྐྱེད་འཕེལ་རྒྱས་གཏོང་བར་དེ་ལས་ཀྱང་དཀའ་ཚེགས་ཆེན་པོ་ལྡན། 

ཉེ་བའི་ལོ་འགའི་རིང་། ས་གནས་དེའི་སྲིད་གཞུང་གི་འབད་བརྩོན་འོག་ཕུ་མ་བྱང་ཐང་ཤང་གི་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གྱུར་ཡོད། ད་ལྟ། ཤང་ཡོངས་ཀྱི་གྲོང་ཚོ་རེ་རེ་རུ་བུ་བཅོལ་ཁང་དང་། འཕྲོད་བསྟེན་ཁང་། གསོ་རླུང་མཁོ་སྤྲོད་ཁང་སོགས་ཡོད་པ་དང་། དེ་དག་གི་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱས་ཡོད། སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་དང་སློབ་གྲྭ་རུ་ཡོད་པའི་སློབ་མ་ཚང་མ་སྲ་བརྟན་དུ་གཏོང་ཚད100%ལ་སླེབས་ཡོད། ཤང་གིས་ཕྱུགས་ལས་ཐོན་ཁུངས་བེད་སྤྱད་དེ། “མཚོ་གོའི་ཕྱུར་བ་མངར་མོ”དང་མཐོ་སྒང་གི“ལྗང་མདོག་མར་ལོ”སོགས་ཀྱི་ཐོན་རྫས་བཏོན་ནས་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་པ་རེད། 

2019ལོར་ཤང་ཡོངས་ཀྱི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་སྒོ་ཁེར་གཙང་སྒོར15323ལ་སླེབས་པ་དང་། ད་ལོ་སྒོར17000ལ་བསླེབ་རྩིས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།