​ལྷ་ས་གྲོང་ཁྱེར་གྱིས་སྤྱི་དམངས་ཀྱི་བཅའ་ཁྲིམས་བྱང་ཚད་ཇེ་མཐོར་བཏང་ནས་སྤྱི་ཚོགས་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྲུན་ཆུ་ཚད་གོང་འཕེལ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  “བདུན་ལྔ”ཁྲིམས་ལུགས་ཁྱབ་གདལ་ལས་དོན་སྤེལ་བའི་རིང་ལ། ལྷ་ས་གྲོང་ཁྱེར་གྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་བྱ་འགུལ་གཏིང་ཟབ་སྤེལ་བ་དང་། ཁྲིམས་ལྟར་བཅོས་སྒྲིག་དང་ཁྲིམས་སྐྱོང་སྐྲུན་པའི་བྱ་འགུལ་སྤེལ་བར་སྐུལ་འདེད་བཏང་བས། སྤྱི་དམངས་ཀྱི་ཁྲིམས་ལུགས་འདུ་ཤེས་དང་བཅའ་ཁྲིམས་བྱང་ཚད་སྔར་ལས་ཇེ་མཐོར་སོང་བ་དང་སྤྱི་ཚོགས་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་གོང་འཕེལ་བྱུང་། 

ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་བརྒྱུད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཁྲོམས་ལུགས་སློབ་སྦྱོང་དང་། ཁྲིམས་ལུགས་ཤེས་པ། ཁྲིམས་ལུགས་བརྩི་སྲུང་བྱེད་པའི་རང་འགུལ་རང་བཞིན་དང་ཧུར་ཐག་རང་བཞིན་སྔར་ལས་ཇེ་མཐོར་སོང་ཡོད། ད་ལོའི་ཟླ8པའི་བར་དུ། རིམ་པ་སོ་སོའི་ཁྲིམས་ལུགས་ཁྱབ་གདལ་ལས་ཁུངས་ཀྱིས་གཅིག་བསྡུས་ཁྲིམས་སྐྱོང་དྲིལ་བསྒྲགས་འདྲི་རྟོག་ཞབས་ཞུའི་བྱ་འགུལ་ཐེངས་ཁྲི1.2སྤེལ་བ་དང་། རིགས་སོ་སོའི་ཁྲིམས་སྐྱོང་འཆད་ཁྲིད་ཐེངས2604སྤེལ་ཏེ། རིགས་སོ་སོའི་ཁྲིམས་སྐྱོང་དྲིལ་བསྒྲགས་ཡིག་ཆ་དང་། ཁྲིམས་ལུགས་དཔེ་དེབ་ཁྲི180ལྷག་འགྲེམ་སྤེལ་བྱས་ཤིང་། མང་ཚོགས་ཁྲི200ལྷག་དེའི་ཁྲོད་ཞུགས་ཏེ། མི་ཐེངས16690ལ་རིགས་སོ་སོའི་འདྲེི་རྟོག་དང་ཁྲིམས་ལུགས་ཞབས་ཞུ་འདོན་སྤྲོད་བྱས།

དབུལ་ཐར་འགག་སྒྲོལ་ལས་དོན་ཁྲོད་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ནུས་བ་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གནད་དོན་དྲིལ་བསྒྲགས་རྒྱ་ཆེན་པོ་བྱས། ད་ལོའི་ཟླ8པའི་བར་ལྷ་ས་གྲོང་ཁྱེར་གྱིས་གནད་འཕིགས་དབུལ་སྐྱོར་སྲིད་ཇུས་སྒྲོག་འགྲེལ་ཐེངས200ལྷག་བྱས་ཏེ། མང་ཚོགས་ཀྱིས་ཁྲིམས་བཀུར་ཁྲིམས་སྲུང་དང་ཁྲིམས་སྦྱོང་ཁྲིམས་སྤྱོད་ཀྱི་ཁྲིམས་སྐྱོང་འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱས་ནས། དབུལ་ཐར་ཕྱུག་འགྱུར་ཡོང་བར་ཁྲིམས་སྐྱོང་འགན་སྲུང་གང་ལེགས་བྱས་ཡོད། ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།