བོད་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་འགྲེིམ་འགྲུལ་བདེ་འཇགས་ཉིན་མོ་ཐེངས་དགུ་བའི་བརྗོད་བྱའི་བྱ་འགུལ་སྤེལ་བ།

1606956624856413.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས2ཉིན་ནི“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོ”ཐེངས་དགུ་བ་ཡིན་ཞིང་། དེའི་བརྗོད་བྱ་གཙོ་བོ་ནི“ཉེན་ཁ་ཤེས་ནས་ཉེན་འགོག་བྱེད་པ་དང་། བདེ་འཇགས་དང་ཡ་རབས་ངང་ཕྱིར་བསྐྱོད་བྱེད”ཅེས་པ་དེ་ཡིན། འགྲིམ་འགྲུལ་ཁྲོད་ཞུགས་མཁན་གྱི་དཔལ་ཡོན་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་སྟེ། དཔལ་ཡོན་དང་འཆམ་མཐུན། བདེ་འཇགས་བཅས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་རྣམ་པ་གསར་བ་སྐྲུན་པ་དང་དཔལ་ཡོན་གྲོང་ཁྱེར་གྱི་རྣམ་པ་གསར་བ་སྐྲུན་ཆེད། ཚེས2ཉིན། བོད་ལྗོངས་སྤྱི་བདེ་ཐིན་གྱིས་ལྷ་སའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི”བྱ་འགུལ་སྤེལ།

 བྱ་འགུལ་དེ་བོད་ལྗོངས་སྤྱི་བདེ་ཐིན་འགྲིམ་འགྲུལ་དོ་དམ་ཅུའུ་ཡིས་བཟོས་པའི《“ཤུགས་སྣོན་ལྔའི”བྱ་ཐབས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས》ཞེས་པའི་སྙན་ཞུའི་བརྙན་ལམ་ཁྲོད་སྤེལ་འགོ་ཚུགས་པ་རེད། བྱ་འགུལ་སྤེལ་ཡུལ་དུ་འགྲིམ་འགྲུལ་བདེ་འཇགས་ཀྱི་བརྗོད་བྱ་གཙོ་བོའི་ལེ་ཚན་སྣ་ཚོགས་འཁྲབ་སྟོན་བྱས་པ་མ་ཟད། འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ད་དུང་འགྲིམ་འགྲུལ་བདེ་འཇགས་མཚོན་རྟགས་ཁ་སྐོང་རོལ་རྩེད་དང་རི་མོའི་ནང་གི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་དབྱེ་འབྱེད་བྱས་ནས་ལག་རྟགས་ཐོབ་པ་སོགས་ཀྱི་བྱ་འགུལ་སྤེལ་ནས་གྲོང་མི་མང་ཚོགས་དེའི་ནང་ཞུགས་པར་ཡིད་དབང་བཀུག་ཡོད། འགྲིམ་འགྲུལ་བདེ་འཇགས་ལ་ཐུན་མོང་ངང་དོ་ཁུར་དང་དཔལ་ཡོན་ལྡན་པའི་འགྲིམ་འགྲུལ་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་རྣམ་པ་ཟབ་མོ་ཞིག་སྐྲུན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། འགྲིམ་འགྲུལ་དོ་དམ་གྱི་འཐབ་ས་དང་པོའི་མི་དམངས་ཉེན་རྟོག་པས་ཐེངས་འདིའི་བརྗོད་བྱའི་བྱ་འགུལ་དྲ་ཐོག་ནས་ཐད་གཏོང་བྱས་ཏེ་བོད་ལྗོངས་ཀྱི་དྲ་དམངས་མང་པོ་དང་སྤེལ་རེས་བྱས་ལ། བྱ་འགུལ་ཁྲོད་ད་དུང་ལྗོངས་ཡོངས་ཀྱི“སྔོན་ཐོན་ཐུན་མོང8”དང་། “སྔོན་ཐོན་མི་སྒེར”མི་དམངས་ཉེན་རྟོག་པ15། “སྔོན་ཐོན་མི་སྒེར”མཐུན་པའི་ཉེན་རྟོག་པ15ལ་གཟེངས་བསྟོད་བྱས་པ་དང་འབྲེལ་ཁོང་ཚོར་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་དང་གཟེངས་བསྟོད་རྟགས་མ་ཡང་སྤྲད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།