བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་སྐྲུན་འགྲན་བསྡུར་སྤེལ།

139558204_16068961609111n.jpg

རྟིང་རྩོད་འགྲན་བསྡུར་གྱི་བདམས་ཐོན་པས་སྲོལ་རྒྱུན་གྱོན་ཆས་འགྲེམ་སྟོན་བྱེད་བཞིན་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་བྱ་བའི་འགོ་ཁྲིད་ཚོགས་ཆུང་གིས“ལས་སྐྲུན་ལ་བརྟེན་ནས་འབྱུང་འགྱུར་ཐོབ། ལང་ཚོའི་ཉམས་འགྱུར་འགྲེམ་སྟོན་བྱེད”ཅེས་པ་བརྗོད་བྱར་བྱས་པའི་སྐབས་གཉིས་པའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་སྐྲུན་འགྲན་བསྡུར་ཆེན་མོ་སྤེལ་བ་དང་། འགྲན་ཞུགས་རྣམ་གྲངས་ཁྲོད་བོད་ལུགས་གསོ་རིག་དང་བོད་སྨན་དང་། རྒྱན་ཆ་ཇུས་འགོད། འཁེལ་འཐག་རིགས་སོགས་ཁྱབ་ཁོངས་མང་པོ་འདུས་ཡོད།

ཉེ་བའི་ལོ་འགའི་རིང་། ནག་ཆུ་གྲོང་ཁྱེར་གྱིས་ཐབས་ལམ་མང་པོ་མཉམ་སྤྱོད་བྱས་ཏེ་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ཐབས་ལམ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་། །

139558204_16068961609741n.jpg

 གཞོན་ནུ་ལས་སྐྲུན་པ་རྣམ་རྒྱལ་གྱིས་རང་གི་ཚོགས་པའི་ལས་སྐྲུན་ཉམས་མྱོང་ངོ་སྤྲོད་བྱེད་བཞིན་པ།

139558204_16068961610201n.jpg

འཁྲབ་སྟོན་པས་ནག་ཆུའི་སྐབས་གཉིས་པའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་སྐྲུན་འགྲན་བསྡུར་ཆེན་མོའི་ཡུལ་དངོས་སུ་འཁྲབ་སྟོན་བྱེད་བཞིན་པ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།