གཞིས་ཀ་རྩེ་གྲོང་ཁྱེར་གྱིས་སྒྱུ་རྩལ་ཚོགས་པའི་ཞབས་བྲོ་འཁྲབ་ཁྲིད་པའི་གསོ་སྦྱོང་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་གི་བོད་ལྗོངས་ཀྱི་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དངོས་འབེབས་ནན་ཏན་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་བྱ་བར་སྐུལ་འདེད་བཏང་ནས། སྒྱུ་རྩལ་ཚོགས་པའི་ཞབས་བྲོ་འཁྲབ་ཁྲིད་མི་སྣའི་ཕྱོགས་བསྡུས་བྱང་ཚད་དང་ལས་སྒོའི་ནུས་བ་མཐོར་འདེགས་གཏོང་ཆེད། ཉེ་ལམ། གཞིས་ཀ་རྩེ་གྲོང་ཁྱེར་གྱི་རྫོས(ཆུས)18ཀྱི་སྒྱུ་རྩལ་ཚོགས་པའི་ཞབས་བྲོ་འཁྲབ་ཁྲིད་པའི་གསོ་སྦྱོང་གཞིས་ཀ་རྩེ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་དུ་དངོས་སུ་སློབ་འགོ་ཚུགས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཟླ་གཅིག་ཡིན་ཞིང་། གསོ་སྦྱོང་གི་ནང་དོན་ལ་ཞབས་བྲོའི་གཞི་རྩའི་རྩལ་ནུས་དང་། ཞབས་བྲོའི་འཁྲབ་ཁྲིད་ལག་རྩལ་དང་། སྐབས་འཕྲལ་གསར་རྩོམ། མི་རིགས་རིག་གནས། བརྩམས་ཆོས་དབྱེ་ཞིབ། འཁྲབ་སྟོན་བྱ་འགུལ་ཆེན་པོའི་ཇུས་འགོད་སོགས་ཚུད་ཡོད། གསོ་སྦྱོང་གི་དམིགས་ཡུལ་ནི་དེང་རབས་ཀྱི་སྔོན་ཐོན་ཞབས་བྲོ་གསར་རྩོམ་གྱི་འདུ་ཤེས་བསྡུ་ལེན་བྱས་ཏེ། ཞབས་བྲོའི་རྩོམ་སྒྲིག་འཁྲབ་ཁྲིད་ཤེས་ལྡན་མི་སྣའི་ཕྱོགས་བསྡུས་བྱང་ཚད་དང་ཆེད་ལས་གསར་རྩོམ་གྱི་ནུས་བ་ཇེ་ཆེར་བཏང་ནས། རྩོམ་སྒྲིག་གི་ནུས་བ་དང་གསར་གཏོད་ཀྱི་འདུ་ཤེས་ལྡན་པའི་ཞབས་བྲོ་རྩོམ་སྒྲིག་འཁྲབ་ཁྲིད་ཀྱི་ཤེས་ལྡན་པ་ཕུལ་བྱུང་སྐྱེད་སྲིང་བྱ་རྒྱུ་དེ་ཡིན། ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།