བོད་ལྗོངས་ཀྱིས་རོང་འབྲོག་མང་ཚོགས་ཁྲི200ལྷག་གི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཆུ་བེད་ཐིན་གྱི་གཞི་གྲངས་ལྟར་ན། མིག་སྔའི་བར་དུ། བོད་ལྗོངས་ཀྱིས་བསྡོམས་པས་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ལས་གཞིའི་ས་ཚིགས17581བསྒྱུར་བཀོད་དང་ལེགས་བཅོས་བྱས་ཤིང་། ཚགས་འཛུགས་བྱང་སྒྲིག་དབུལ་བོའི་འཐུང་ཆུའི་བདེ་འཇགས་གནད་དོན་ཡོངས་རྫོགས་ཐག་གཅོད་བྱས་ཏེ། རོང་འབྲོག་མང་ཚོགས་ཁྲི200ལྷག་དེའི་ཁྲོད་ནས་ཕན་ཐོགས། 

 བོད་ལྗོངས་ལ“ཨེ་ཤེ་ཡའི་ཆུ་མཛོད”ཅེས་བརྗོད་བཞིན་ཡོད། འོན་ཀྱང་ཆུའི་ཐོན་ཁུངས་ཁྱབ་ཚུལ་དོ་སྙོམས་མིན་པ་དང་། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཞན་པ། རོང་འབྲོག་མང་ཚོགས་ཀྱི་ཆུ་ལེན་པ་དང་འཐུང་ཆུའི་དཀའ་ངལ་མངོན་གསལ་ཡིན་པ། ས་ཁུལ་ཁ་ཤས་ཀྱི་འཐུང་ཆུ་ལ་ད་དུང་ཧྲེན་དང་ཧྥུལ་འདུས་ཚད་ཚད་གཞི་ལས་བརྒལ་བ་དང་། ས་ངོས་ཆུའི་ཕྲ་སྲིན་ཚད་གཞི་ལས་བརྒལ་བ་སོགས་ཀྱི་གནད་དོན་ཡོད་པས། གྲུམ་བུ་ཚིགས་ཆེན་གྱི་ནད་སོགས་ཀྱི་ཡུལ་ནད་འབྱུང་བཞིན་ཡོད། 

2005ལོར། བོད་ལྗོངས་ཀྱིས་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ལས་གཞི་ལག་བསྟར་བྱེད་འགོ་བརྩམས་ཤིང་། དབུལ་ཐར་མཁྲེགས་གཏོར་ལས་དོན་འགོ་བརྩམས་རྗེས། བོད་ལྗོངས་ཀྱིས《2019ལོ-2020ལོའི་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་ཇུས་གཞི》ལག་བསྟར་བྱས།

  བོད་ལྗོངས་ཆུ་བེད་ཐིན་གྱི་ཐིན་ཀྲང་སུན་ཞན་ཀྲུང་གིས་ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་ཀྱི་རོང་འབྲོག་ཁུལ་གྱི་ཆུ་བེད་སྤྱོད་དེ་སྔོན་ཆད་ཀྱི་གཅིག་བསྡུས་སྤྱི་བའི་ཆུ་འདྲེན་ས་ཚིགས་ནས་རང་འབབ་ཆུ་དང་དུད་ཚང་དུ་བསྐྱོད་པ་དང་། ས་ངོས་ཀྱི་ཆུ་མཁོ་འདོན་བྱེད་པ་ནས་ས་འོག་གི་ཆུ་མཁོ་འདོན་བྱེད་པའི་བར་འཕེལ་རྒྱས་བྱུང་ལ། དུས་ཚོད་ངེས་གཏན་ནང་ཆུ་མཁོ་སྤྲོད་བྱེད་པ་ནས་ཉིན་མཚན་བར་དུ་ཆུ་མཁོ་སྤྲོད་བྱེད་པའི་བར་འཕེལ་རྒྱས་ཕྱིན་ནས་སྤུས་ཚད་ཀྱི་མཆོང་སྐྱོད་མངོན་འགྱུར་བྱས་ཡོད་ཟེར།

གཞི་གྲངས་ལས་བསྡོམས་རྩིས་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་སུ་འཐུང་ཆུའི་རྐྱེན་གྱིས་འཐུང་ཆུའི་རིགས་ཀྱི་ཧྥུལ་དུག་ཕོག་ཁུལ་རྫོང་དུ་ཚོད་འཛིན་གྱི་ཚད་གཞིར་སླེབས་པ་དང་། གྲུམ་བུ་ཚིགས་ཆེན་ནད་ཕོག་ཁུལ་གྱི་བྱིས་པར་ནད་ཕོག་ཚད2000ལོའི37.86%ནས0བར་ཆག་ཡོད་ལ། གྲུམ་བུ་ཚིགས་ཆེན་ནད་ཁུལ་རྫོང54ཚང་མ་མེད་པར་བཟོ་བའི་ཚད་གཞིར་སླེབས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།