ལྷོ་ཁ་གྲོང་ཁྱེར་གྱིས་ཁྲིམས་སྐྱོང་འཛུགས་སྐྲུན་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་ཚོགས་འདུའི་ཐོག་ནས་རྒྱུས་ལོན་པ་ལྟར་ན། ལྷོ་ཁ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དངོས་འབེབས་གཏིང་ཟབ་བྱས་ཏེ། ཁྲིམས་སྐྱོང་ལྷོ་ཁ་གསོན་ཤུགས་ལྡན་པའི་ངང་ནས་ལག་ལེན་བྱེད་པར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་ཁྲིམས་སྐྱོང་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་བཏང་། 

ལྷོ་ཁ་གྲོང་ཁྱེར་གྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པར་རྒྱུན་བསྐྱངས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དངོས་འབེབས་གཏིང་ཟབ་བྱས་ནས་དགོངས་དོན་གྱི་ནང་དོན་ཁོང་དུ་ཆུད་པ་དང་། ལྟེ་བའི་དོན་གནད་ཁོང་དུ་ཆུད་པ་བྱས་ནས་ཁྲིམས་སྐྱོང་ལྷོ་ཁ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་རླིང་ངང་འཛུགས་པ་དང་། ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་ལྷིང་འཇགས། མི་དམངས་ལྷིང་འཇགས། དྲ་རྒྱའི་བདེ་འཇགས་བཅས“ལས་འགན་གལ་ཆེན་བཞི”ལ་དམིགས་ཏེ། བརྟན་ལྷིང་འཕེལ་རྒྱས་ཀྱི་སྐྱེ་ཁམས་མཐའ་མཚམས་སྟོབས་ལྡན་གྱི་ལས་དོན་སོ་སོར་གཅིག་གྱུར་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ལྷོ་ཁའི་ཡུན་རིང་བདེ་བཀོད་ལ་འགན་སྲུང་བྱས། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དམིགས་ཚད་དང་རེའུ་མིག་ལྟར། དུས་ཚོད་ལྷག་མ་དམ་འཛིན་ནུས་ལྡན་བྱས་ཏེ། ཕྱོགས་སོ་སོའི་ལས་དོན་སླར་ཡང་སྲ་བརྟན་དང་མཐོར་འདེགས་འབྱུང་བར་སྐུལ་འདེད་བཏང་ནས། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”མཇུག་བདེ་བླག་ངང་སྒྲིལ་བར་ཁག་ཐེག་བྱས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བའི་དམིགས་ས་དང་། ཤུགས་རྒྱག་ས། མགོ་ཚུགས་ས་དང་རྐང་ཚུགས་ས་བཅས་ལ་མཐའ་གཅིག་ཏུ་དམིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཕེལ་རྒྱས་འཆར་འགོད་སྒྲིག་བཟོ་ཡག་པོ་བྱས། སེམས་ནུས་གཅིག་སྒྲིལ་གྱིས་ལས་གཞི་གལ་ཆེན་དམ་འཛིན་ཡག་པོ་བྱས་ཏེ། ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་ལ་གཞོགས་འདེགས་ཧུར་ཐག་དང་རྒྱབ་སྐྱོར་ཆེན་པོ་བྱས་ནས་མེ་འཁོར་འབབ་ཚུགས་མདུན་གྱི་ཐང་ཆེན་ཏེ་གྲོང་ཁྱེར་གྱི་སྒྲིག་ཆས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་བ་དང་། ལྕགས་ལམ་རྒྱུད་ཀྱི་རྣམ་གྲངས་སོ་སོའི་ལས་དོན་ལ་དོ་ཁུར་ཆེན་མོ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ས་ཞིང་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས་ཁྲིམས་ལྟར་རོང་འབྲོག་པའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དེ་མགོ་ཚུགས་ས་དང་རྐང་ཚུགས་སར་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། ཞིང་སྡེའི་ས་ཞིང་དང་ཞིང་པའི་ཐུན་མོང་ལ་དབང་བའི་ལམ་ལུགས་དང་ཁྱིམ་ཚང་གིས་འགན་གཙང་གཉེར་སྐྱོང་རང་བཞིན་གྱི་གནས་བབ་གཡོ་འགུལ་མེད་པར་རྒྱུན་འཁྱོངས་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་དེ་ལྷོ་ཁ་གྲོང་ཁྱེར་དུ་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་།  །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།