སྐབས་བརྒྱད་པའི་ནང་ལོག་ས་ཁུལ་གྱི་བོད་ལྗོངས་འཛིན་གྲྭའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱ་འགུལ་སྤེལ་མགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གུང་གཞོན་ཚོགས་པ་བོད་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་ལྗོངས་སློབ་གསོ་ཐིན་གྱིས་གཙོ་སྒྲུབ་བྱས་ཤིང་། བོད་ལྗོངསགཞོན་ནུ་ཚགས་པར་ཁང་དང་ནག་ལོག་ས་ཁུལ་གྱི་བོད་ལྗོངས་འཛིན་གྲྭ་དོ་དམ་ལྟེ་གནས་ཀྱིས་སྒྲུབ་འགན་འཁུར་བའི“ཕ་ཡུལ་གྱི་འགྱུར་ལྡོག་མྱོང་ཚོར་བྱས་ཏེ་ཏང་གི་སྐད་ཆར་ཉན་པ”དང“2020ལོའི་ཏང་གི་བཀའ་དྲིན་ཚོར་བ། སྲོག་ཤིང་ལ་དགའ་བ། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ”ཞེས་པའི་ནང་ལོག་ས་ཁུལ་གྱི་བོད་ལྗོངས་འཛིན་གྲྭའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱ་འགུལ་སྐབས་བརྒྱད་པ་ཝུའུ་ཧན་གྱི་བོད་ལྗོངས་སློབ་འབྲིང་དུ་དངོས་སུ་སྤེལ་མགོ་ཚུགས།

རྒྱུས་ལོན་བྱུང་བ་ལྟར་ན། ནང་ལོག་ས་ཁུལ་གྱི་བོད་ལྗོངས་འཛིན་གྲྭའི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་བྱ་འགུལ2013ལོར་སྤེལ་མགོ་ཚུགས་པ་ནས་བཟུང་། ད་ལྟའི་བར་དུ་སྐབས7ལ་བདེ་བླག་ངང་སྤེལ་བ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན(གྲོང་ཁྱེར)20ཡི་ནང་སའི་བོད་ལྗོངས་འཛིན་གྲྭ20ཡི་སློབ་མ་ཁྲི་ལྷག་ལ་ཁྱབ་ཡོད། སྐབས་འདིའི་བྱ་འགུལ་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་དང་། ཅང་ཤིས་ནན་ཁྲང་སློབ་འབྲིང་བཅུ་བདུན་པ། ཧྥུའུ་ཅན་ཀྲང་ཀྲོའུ་སློབ་འབྲིང་དང་པོ། ཀྲང་ཀྲོའུ་སློབ་འབྲིང་གསུམ་པ། ཀོང་ཏུང་ཚོང་དོན་ལས་རིགས་ལག་རྩལ་སློབ་གྲྭ   ཀྲུའུ་ཧའེ་སློབ་འབྲིང་བཞི་བ་བཅས་སུ་སྤེལ་རྩིས་ཡོད་པ་རེད།  །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།