ཆབ་མདོ་གྲོང་ཁྱེར་གྱིས“གསར་བ་གཉིས”ཀྱི་བཟོ་ཚོགས་རྩ་འཛུགས137བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ཆབ་མདོ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གྲོང་ཁྱེར་ཡོངས་ཀྱི“གསར་བ་གཉིས”རྩ་འཛུགས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་སོགས་ལ་རྟོག་ཞིབ་བྱས་པ་དང་། བཟོ་ཚོགས་རྩ་འཛུགས་བཙུགས་མེད་པའི་ཁེ་ལས་ལ་ཚོགས་པ་འཛུགས་པར་མཛུབ་ཁྲིད་བྱས་ཏེ། ཆབ་མདོ་གྲོང་ཁྱེར་ཏང་ཨུ་རྩ་འཛུགས་པུའུ་དང་། ཆབ་མདོ་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཆབ་མདོ་གྲོང་ཁྱེར་དམངས་སྲིད་ཅུའུ་བཅས་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། བཟོ་ཚོགས་རྩ་འཛུགས་ཀྱི་ནུས་ལྡན་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ཆབ་མདོ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ“ཏང་འཛུགས་སྐྱོང་གིས་བཟོ་ལས་འཛུགས་སྐྲུན་ལ་སྣེ་ཁྲིད་དང་། བཟོ་ལས་འཛུགས་སྐྲུན་གྱིས་ཏང་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བའི”རྩ་དོན་རྒྱུན་འཁྱོངས་བྱས་ནས། ཏང་རྩ་འཛུགས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་། “གསར་བ་གཉིས”རྩ་འཛུགས་བཟོ་ཚོགས་ཏང་གི་འགོ་ཁྲིད་འོག་འཕེལ་རྒྱས་དང་སྟོབས་ཆེན་གྱུར་བར་སྐུལ་འདེད་བཏང་། མིག་སྔའི་བར། ཆབ་མདོ་གྲོང་ཁྱེར་གྱི“ཡོད་པ་གསུམ”གྱི་ཚད་གཞི་ལོན་པའི“གསར་བ་གཉིས”ཀྱི་རྩ་འཛུགས354ཡི་ཁྲོད་བཟོ་ཚོགས་རྩ་འཛུགས137བཙུགས་ཡོད་ཅིང་། དེའི་ཁྲོད་ཁེ་ལས118ཀྱིས2020ལོར་བཟོ་ཚོགས་རྩ་འཛུགས་གསར་དུ་བཙུགས་པ་ཡིན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།