སྤྲོ་སྐྱིད་ལྡན་པའི་མཐོ་སྒང་གི་ཞིང་པའི་ལུས་རྩལ་འགྲན་བསྡུར།

རོང་འབྲོག་པའི་ལུས་རྩལ་པ་དག་ཐག་འཐེན་འགྲན་བསྡུར་ནང་ཞུགས་བཞིན་ཡོད་པ།

རོང་འབྲོག་པའི་ལུས་རྩལ་པ་སྣམ་བུ་འཐག་པའི་སྤྲོ་སྣང་འགྲན་བསྡུར་ནང་ཞུགས་པ།

 རོང་འབྲོག་པའི་ལུས་རྩལ་པ་ཞིག་གིས་སྒྱེ་མོ་སྤྲས་ནས་འགྲན་བསྡུར་ནང་ཞུགས་པ།

རོང་འབྲོག་པའི་ལུས་རྩལ་པ་སྣམ་བུ་འཐག་པའི་སྤྲོ་སྣང་འགྲན་བསྡུར་ནང་ཞུགས་པ།

 བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་ཞིང་པའི་ལུས་རྩལ་ར་བ།

མང་ཚོགས་ལུས་རྩལ་པ་ཞིག་གིས་རྡོ་ཁུར་བཞིན་པའི་ཚུལ།

རོང་འབྲོག་མང་ཚོགས་ལུས་རྩལ་པ་ཞིག་གླང་ཆེན་ཐག་འཐེན་འགྲན་བསྡུར་ནང་ཞུགས་བཞིན་པ།

བུད་མེད་ལུས་རྩལ་པ་ཞིག་གིས་ལྕགས་རྡོ་འཕེན་བཞིན་པ།

རོང་འབྲོག་མང་ཚོགས་ཐག་འཐེན་འགྲན་བསྡུར་ནང་ཞུགས་བཞིན་པའི་ཚུལ།

  བྱ་དགའ་ཐོབ་པའི་རོང་འབྲོག་མང་ཚོགས་ཀྱིས“བྱ་དགའི་བུམ་པ་”སྟོན་བཞིན་ཡོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་ཚེས29ཉིན།  དུས་ཡུན་ཉིན་གསུམ་རིང་གི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་ཞིང་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་དེ་གྲ་ནང་རྫོང་གི་ལུས་རྩལ་ར་བར་འཚོགས་ཤིང་།  རྡོ་འགྱོག་པ་དང་། སྒྱེ་མོ་གོན་པ། སྣམ་བུ་དཀྲིས་པ་སོགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་བས་གྲ་ནང་རྫོང་གི་ཤང(གྲོང་རྡལ)5དང་སྲིད་འཛིན་གྲོང་ཚོ62ཀྱི་རོང་འབྲོག་མང་ཚོགས450ལྷག་ཙམ་འགྲན་བསྡུར་ནང་ཞུགས་པའི་སྤྲོ་བ་སྐྱེད།  ལོ་རེའི་དགུན་དུས་སུ་ཡར་ཀླུང་གཙང་པོ་འབབ་ཡུལ་དུ་གནས་པའི་བོད་ལྗོངས་ཀྱི་གྲོང་གསེབ་མང་པོ་ཞིང་ལས་ཉུང་བའི་དུས་སུ་སླེབས་ནས་ས་གནས་རོང་འབྲོག་མང་ཚོགས་ཀྱིས་ལོ་གཅིག་ནང་ཐོབ་དཀའ་བའི་སྤྲོ་གསེང་གི་དུས་ཚོད་བསུ་བཞིན་ཡོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།