“དཔེ་ཀློག་བོད་ལྗོངས”ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་ཆོས་ལུགས་སློབ་གླིང་དུ་བསྐྱོད་པའི་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚོགས་ཡོངས་ལ“དཔེ་དེབ་ཡག་པོ་ཀློག་པ་དང་། དཔེ་ཆ་ཀློག་བར་མཁས་བ། དཔེ་ཀློག་ལ་དགའ་བའི”དཔལ་ཡོན་སྲོལ་བཟང་སྐྲུན་ཆེད། ཉེ་དུས་བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་བསྒྲགས་པུས་གཙོ་སྒྲུབ་བྱས་ཤིང་། བོད་ལྗོངས་ནང་བསྟན་སློབ་གླིང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་སྒྲུབ་འགན་འཁུར་བ། བོད་ལྗོངས་ཐེན་ལི་དཔལ་འབྱོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིས་རོགས་སྒྲུབ་བྱས་པའི“དཔེ་ཀློག་བོད་ལྗོངས”ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་ཆོས་ལུགས་སློབ་གླིང་དུ་བསྐྱོད་པའི་བྱ་འགུལ་བོད་ལྗོངས་ནང་བསྟན་སློབ་གླིང་དུ་སྤེལ་བ་རེད།

 བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་བསྒྲགས་པུས་བོད་ལྗོངས་ནང་བསྟན་སློབ་གླིང་ལ་དེབ1500དང་རིན་ཐང་སྒོར་ཁྲི3ལྷག་གི་བོད་རྒྱ་ཡིག་རིགས་ཀྱི་དཔེ་དེབ་སྣ་ཚོགས་ཞལ་འདེབས་ཕུལ་བ་དང་། ནང་དོན་ཕྱོགས་ནས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ། རིག་གནས་སློབ་གསོ། ཚན་རིག་ལག་རྩལ། རྩོམ་རིག་སྒྱུ་རྩལ། འཕྲོད་བསྟེན་བདེ་སྲུང་རིགས་ཀྱི་དཔེ་དེབ་བཅས་དང་འབྲེལ་བ་ཡོད།

བོད་ལྗོངས་ནང་བསྟན་སློབ་གླིང་གི་རྒྱ་ཆེའི་དགེ་སློབ་རྣམས་ཀྱིས“ཐེངས་འདིའི་ལྗོངས་ཏང་ཨུ་དྲིལ་བསྒྲགས་པུས་ང་ཚོར་བརྗོད་དོན་མངོན་གསལ་ཡིན་ཞིང་། གཞི་གདངས་གསལ་བ། ནང་དོན་ཕུན་སུམ་ཚོགས་པ། སྣ་ཁ་ཚང་བ་བཅས་ཀྱི་ཕུལ་བྱུང་དཔེ་དེབ་སྤྲད་པས། ང་ཚོས་ངེས་པར་དུ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ་དཔེ་དེབ་ཀྱི་ནུས་བ་ཆེན་པོ་འདོན་སྤེལ་གང་ལེགས་བྱ་རྒྱུ་ཡིན་ཟེར།

བྱ་འགུལ་སྐབས་སུ་ད་རུང“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྙན་ངག་གྱེར་འདོན་དང་། དཔེ་ཀློག་འཆད་ཁྲིད། ཡིག་གཟུགས་འགྲན་བསྡུར་སོགས་དམངས་ཡོངས་ཀྱི་དཔེ་ཀློག་བྱ་འགུལ་སྤེལ་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།