​བོད་ལྗོངས་མངའ་རིས་ཀྱིས་ནང་ལོགས་སུ་འཕུར་བའི་མཁའ་ལམ་གསར་བ་བཏང་བ།

2.jpg

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཚེས27ཉིན། བོད་ལྗོངས་མངའ་རིས་ཀྱིས་ཁྲིན་ཏུའུ-ལྷ་ས-མངའ་རིས་བར་གྱི་མཁའ་ལམ་གསར་བ་བཏང་བ་རེད།

 མངའ་རིས་ཀྱི་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4500ཡན་ཟིན་ཡོད་པས“འཛམ་གླིང་གི་ཡང་རྩེའི་ཡང་རྩེ”ཞེས་པའི་མཚན་སྙན་ལྡན། མཁའ་ལམ་ཤར་གཏོང་མ་བྱས་གོང་ལ་ལྷ་སར་སྐྱོད་པར་ལམ་ཐག་ཉིན་གཉིས་ཀྱི་རིང་དགོས་པས་དེ་ནི་བོད་ལྗོངས་ཀྱི་ཆེས་ཐག་རིང་བའི་ས་ཁུལ་ཞིག་རེད།

  མངའ་རིས་མཁའ་འགྲུལ་ས་ཚིགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། མཁའ་ལམ་དེ་ཞང་ཕེང་མཁའ་འགྲུལ་ཀུང་སིས་འཕུར་སྐྱོད་ཀྱི་འགན་འཁུར་བ་དང་། གཟའ་འཁོར་རེའི་གཟའ་དང་པོ་དང་། གསུམ་པ། ལྔ་པ། ཉི་མ་བཅས་ཀྱི་ཞོགས་པའི་དུས་ཚོད7:05ཐོག་ཁྲིན་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་རྒྱུ་དང་། གནས་སྐབས་སུ་ལྷ་ས་ནས་བསྡད་རྗེས། དུས་ཚོད12:35ཐོག་མངའ་རིས་ཁུན་ཧྲ་གནམ་ཐང་དུ་འབྱོར་རྒྱུའི་འཆར་གཞི་ཡོད་ལ། ལམ་ཐག་སྤྱི་ལེ2400དང་འཕུར་ལམ་དུས་ཚོད་ལྔ་དང་ཕྱེད་ཀ་ཙམ་ཡིན་ཞིང་། ཕྱིར་ལོག་པའི་གནམ་གྲུ་ཉིན་དེའི་དུས་ཚོད13:20ལ་འཕུར་རྒྱུ་རེད། ཡང་གཟའ་འཁོར་རེའི་གཟའ་གཉིས་པ་དང་། བཞི་པ། དྲུག་པ་བཅས་ཞོགས་པའི་དུས་ཚོད7:50ལ་ཁྲིན་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་འཕུར་འགོ་བརྩམས་ནས་གནས་སྐབས་སུ་ལྷ་སར་བསྡད་རྗེས་དུས་ཚོད14:00ཐོག་མངའ་རིས་ཁུན་ཧྲ་གནམ་ཐང་དུ་འབྱོར་རྒྱུའི་འཆར་གཞི་ཡོད་པ་དང་། ཕྱིར་ཉིན་དེའི་དུས་ཚོད14:50ལ་འཕུར་རྒྱུ་རེད་ཅེས་བསྟན།

 2010ལོའི་ཟླ7པར་མངའ་རིས་ཀྱི་ཁུན་ཧྲ་གནམ་གྲུ་ཐང་ཤར་གཏོང་ཐུབ་པ་ནས་བཟུང་། མཁའ་ལམ5(མངའ་རིས—ལྷ་ས། མངའ་རིས—ལྷ་ས—ཤིས་ཨན། མངའ་རིས—ལྷ་ས—ཁྲིན་ཏུའུ། མངའ་རིས—ཁ་ཧྲེ—ཤིས་ཨན། མངའ་རིས—ཁ་ཧྲེ—ཝུའུ་ལུའུ་མུའུ་ཆི)མང་དུ་བཏང་བ་དང་། མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར5མང་དུ་བཏང་བས་མངའ་རིས་ཀྱི་དམངས་ཚོགས་ཕྱིར་སྐྱོད་དཀའ་བའི་གནད་དོན་རིམ་བཞིན་ཐག་བཅད་པ་རེད།

 ཡང་འགན་འཁུར་བས་བཤད་རྒྱུར་མཁའ་ལམ་མང་དུ་ཕྱིན་པ་དེས་མངའ་རིས་ས་ཁུལ་དང་ནང་ལོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་ཤུགས་སྣོན་བརྒྱབ་པ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།