ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐྲུན་པའི་བྱ་བའི་གསོ་སྦྱོང་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ལྷོ་ཁ་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་དང་ལྷོ་ཁ་གྲོང་ཁྱེར་ཏང་གི་སློབ་གྲྭ་གཉིས་ཀྱིས་མཉམ་དུ་སྤེལ་བའི2020ལོའི་གྲོང་ཁྱེར་ཡོངས་ཀྱི་ཏང་གི་མི་རིགས་གཞུང་ལུགས་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐྲུན་པའི་བྱ་བའི་གསོ་སྦྱོང་འཛིན་གྲྭ་དངོས་སུ་སློབ་འགོ་ཚུགས།

སློབ་འགོ་ཚུགས་པའི་མཛད་སྒོ་སྟེང་། གཙོ་གཉེར་ཕྱོགས་ཀྱིས་གསར་འཛུགས་ལས་དོན་ལ་འགན་སྲུང་ནུས་ལྡན་དང་། བྱ་བའི་ཁྱད་ཆོས་འབུར་དུ་ཐོན་པ། དྲིལ་བསྒྲགས་སློབ་གསོའི་རྣམ་པ་ཟབ་པ་བཅས་ཕྱོགས་གསུམ་གྱི་ཐད་ནས། ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་སྐྲུན་པའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་བྱས། གནས་པའི་གནད་དོན་དང་མི་འདང་སར་དབྱེ་ཞིབ་བྱས་ཏེ། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སྔར་ལས་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ། ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་སོགས་ཀྱི་ཐད་བླང་བྱ་ཞིབ་ཕྲ་བཏོན་ནས། གསོ་སྦྱོང་ནང་ཞུགས་པའི་སློབ་མ་ཚང་མས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་སྐྲུན་པའི་ལས་དོན་སྔར་ལས་ཕྱོགས་ཡོངས་དང་། སྔར་ལས་གཏིང་ཟབ། སྔར་ལས་གནད་ལ་འཁེལ་བ་བཅས་ཀྱི་ངོས་འཛིན་དང་རྒྱུས་ལོན་ཡོད་པར་སྐུལ་འདེད་བཏང་།

གསོ་སྦྱོང་བྱས་པ་བརྒྱུད། སློབ་མ་ཚང་མར་གྲུབ་འབྲས་ཆེན་པོ་ཐོབ་པ་དེས་ལྷོ་ཁ་གྲོང་ཁྱེར་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་སྐྲུན་པའི་བྱ་བ་གཏིང་ཟབ་སྤེལ་བར་སྐུལ་འདེད་ཀྱི་ནུས་བ་བཏོན་ཐུབ་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།