2020ལོའི་བོད་ལྗོངས་ཡོངས་ཀྱི་དུས་བདེ་འཛུགས་སྐྱོང་གི་ཞིབ་བཤེར་དཔྱད་བསྡུར་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོའི་ལྗོངས་ཡོངས་ཀྱི་དུས་བདེ་འཛུགས་སྐྱོང(ཕྱོགས་བསྡུས་བཅོས་སྐྱོང་ལས་དོན)དང་། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”འཛུཌ་གཏོད་བྱེད་སྒོ ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད། གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་ཚོཌ་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་ཞིབ་བཤེར་དཔྱད་བསྡུར་ལས་དོན་བཅས་ཡག་པོ་སྒྲུབ་ཆེད། ཚེས་25ཉིན། 2020ལོའི་ལྗོངས་ཡོངས་ཀྱི་དུས་བདེ་འཛུགས་སྐྱོང(ཕྱོགས་བསྡུས་བཅོས་སྐྱོང་ལས་དོན)གི་ཞིབ་བཤེར་དཔྱད་བསྡུར་གྱི་སྐུལ་སློང་བཀོད་སྒྲིག་ཚོཌ་འདུ་འཚོཌ་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ལྗོངས་ཏང་ཨུད་དུས་བདེའི་བོད་ལྗོངས་འཛུཌ་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཀྲང་ཧུང་པོས་སྐུལ་སློང་བཀོད་སྒྲིག་གི་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་གཅིག་གྱུར་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་ཞིབ་བཤེར་དཔྱད་བསྡུར་ལས་དོན་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་གྲ་སྒྲིག་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཞིབ་བཤེར་དཔྱད་བསྡུར་ལས་དོན་ཏན་ཏིག་སྒྲུབ་དགོས་པ། དཔྱད་བསྡུར་གྱི་གཙོ་གནད་མངོན་གསལ་དོད་པོ་དང་དཔྱད་བསྡུར་གྱི་དམིགས་ཚད་གཅིག་གྱུར་ཐོག་དོན་དངོས་དང་མཐུན་ལ་གཞུང་དྲང་ངང་ཞིབ་བཤེར་དཔྱད་བསྡུར་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པ། དཔྱད་བསྡུར་གྱི་བླང་བྱ་ནན་དུ་གཏོང་བ་དང་ལས་ཀའི་སྒྲིག་ཁྲིམས་ནན་དུ་བཏང་སྟེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས་པ་དང་འབྲེལ། ཀྲུང་དབྱང་གི་དུས་བདེ་འཛུགས་སྐྱོང(ཕྱོགས་བསྡུས་བཅོས་སྐྱོང་ལས་དོན)གི་ཞིབ་བཤེར་དཔྱད་བསྡུར་ལ་དམིགས་པའི་གྲ་སྒྲིག་ལས་དོན་ཧུར་ཐག་བསྒྲུབས་ནས་དུས་བདེའི་བོད་ལྗོངས་འཛུགས་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།