རྒྱལ་ཁབ་གློག་དྲས་བོད་ལྗོངས་ཀྱི་རྫོང་རིམ་པའི་ཞིང་སྡེའི་གློག་ཤུགས་ཁེ་ལས་ལ་ཕྱོགས་ཡོངས་ནས་དོ་དམ་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར་སྦྲ་ཆེན་རྫོང་གློག་འདོན་ཚད་ཡོད་ཀུང་སིའི་རྒྱལ་དབང་ཐོན་དབང་ཧྲིལ་བོ་རིན་མེད་རྩིས་སྤོ་བྱེད་པའི་གྲོས་མཐུན་ལ་བདེ་བླག་ངང་མིང་ཐོ་བཀོད་པ་དེས་བོད་ལྗོངས་ཀྱི་རྫོང་རིམ་པའི་གློག་དྲའི་ཁེ་ལས66ཚང་མས་རྒྱལ་ཁབ་གློག་དྲའི“ཐད་ཀར་དོ་དམ”གྲ་སྒྲིག་ལས་དོན་ལེགས་འགྲུབ་བྱུང་བ་མཚོན་ཡོད་ཅིང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”བོད་ལྗོངས་ཀྱི་ཞིང་སྡེའི་གློག་དྲ་སྒྲིག་གཞི་བཅོས་བསྒྱུར་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་འབྱུང་བར་རྨང་གཞི་བརྟན་པོ་བཏིངས།

ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི“ཐད་ཀར་དོ་དམ”ལས་དོན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་མཐའ་མཇུག་ཏུ་ཞིབ་བཤེར་ཆོག་མཆན་འགོད་རྒྱུ་ཡིན་ཞིང་། སྐབས་དེར་བོད་ལྗོངས་ཀྱི་རྫོང་རིམ་པའི་གློག་དྲའི་ཁེ་ལས་ཀྱིས“ཚབ་གཉེར”གྱི་ལོ་རྒྱུས་ཕྱོགས་ཡོངས་ནས་མཇུག་སྒྲིལ་ཏེ་དེང་རབས་ཁེ་ལས་ལམ་ལུགས་འཛུགས་པའི་རྒྱང་སྐྱོད་ལམ་བུ་གསར་པའི་མགོ་རྩོམ་རྒྱུ་རེད། བོད་ལྗོངས་ཀྱི་རྫོང་རིམ་པའི་གློག་དྲའི་ཁེ་ལས་ལ་ཕྱོགས་ཡོངས་ནས“ཐད་ཀར་དོ་དམ”བྱས་རྗེས། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་རྫོང་རིམ་པའི་གློག་མཁོ་འདོན་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་དང་། གློག་དྲ་འཛུགས་སྐྲུན། གཉེར་སྐྱོང་དོ་དམ། གློག་མཁོ་འདོན་ཞབས་ཞུའི་ཆུ་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་བོད་ལྗོངས་ཀྱི་རོང་འབྲོག་ཁུལ་གྱི་གློག་སྤྱོད་ཞབས་ཞུ་དོ་སྙོམས་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་རེད།

ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་ཞིང་སྡེའི་གློག་ཤུགས་སྒྲིག་གཞི་བཅོས་བསྒྱུར་གྱི་གཙོ་གནད་ལས་འགན་སོ་སོར་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་བ་དང་། དུས་བཀག་ལྟར་རྫོང་རིམ་པའི་གློག་དྲའི་ཁེ་ལས66གི་མི་སྤྱོད་ཚད་གཞི་དང་། རྒྱུ་ནོར་གཙང་བཤེར། མ་རྩ་ཞིབ་རྩིས། དབང་རྟགས་སྒྲུབ་པ་སོགས་ཀྱི་ལས་དོན་བསྒྲུབས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་བརྩོན་ལེན་བྱ་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད།  །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།