བོད་ལྗོངས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཁྲིམས་སྐྱོང་གི་སྲོལ་ལམ་ཐོག་འཁོར་སྐྱོད་བྱེད་པར་སྐུལ་འདེད་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས23ཉིན། རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་། སྒྲིག་ཨུའི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལཀབ་་སྐྱོང་བའི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

ཝང་ཝུའེ་ཏུང་གིས་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཁྲིམས་ལུགས་སྒྲིག་ཁྲིམས་འབྲེལ་མཐུད་དང་། ཁྲིམས་ཁག་མཉམ་མཐུད་ཁྲོད་ཀྱི་ལམ་ལུགས་འཐུས་སྒོ་མི་ཚང་བ་དང་། མཐུན་སྦྱོར་མེད་པ། འཚམ་མཐུན་མེད་པ་བཅས་ཀྱི་གནད་དོན་གོ་རིམ་ལྡན་པའི་ངང་གསེད་བཀྲོལ་བྱེད་པ་དང་། ཁྲིམས་སྲོལ་ལམ་ལུགས་ཀྱི་གཙང་བཤེར་གྱི་གྲུབ་འབྲས་ཡག་པོ་སྤྱོད་པ། “བཟོ་བཅོས་དོར་འགྲེལ”གྱི་ལས་དོན་སྤེལ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་དང་བརྩི་སྲུང་ཞུ་བའི་སྒྲིག་ཡིག་ཡོད་པ་བྱེད་དགོས། ཁྲིམས་སྐྱོང་གི་འདུ་ཤེས་དང་། གོ་རིམ་གྱི་འདུ་ཤེས། དཔང་རྟགས་ཀྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་བ་དང་། དབང་ཚད་དང་། སྒྲིག་སྲོལ། གོ་རིམ་བཅས་ལ་ནན་པོ་གཞིགས་ནས་ལས་དོན་བསྒྲུབས་ཏེ། ལྟ་སྐུལ་ཞིབ་བཤེར་དང་ཞིབ་བཤེར་བརྟག་དཔྱད་ཀྱི་ལས་དོན་ལ་ཁྲིམས་ཡོད་ཕྱིན་ངེས་པར་དུ་བརྩི་སྲུང་བྱེད་དགོས་པ་དང་། ཁྲིམས་འཛིན་ངེས་པར་དུ་ནན་པོ་བྱེད་དགོས། ཁྲིམས་སྲོལ་ལམ་ལུགས་ལག་བསྟར་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ། ལྷག་པར་དུ《སྒྲིག་སྲོལ》དང《གཏན་འབེབས》བཅས་ལག་བསྟར་བྱེད་རྒྱུ་གནད་ལ་མི་འཁེལ་བའམ་ཡང་ན་ཚད་ལས་འགལ་བའི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་དང་། སྒྲིག་ཁྲིམས་ལག་བསྟར་བྱེད་མཁན་གྱིས་སྒྲིག་ཁྲིམས་ལས་འགལ་བ་དང་། ཁྲིམས་ལག་བསྟར་བྱེད་མཁན་གྱིས་ཁྲིམས་དང་འགལ་རིགས་ཐག་གཅོད་ནན་པོ་དང་འགན་འཁྲི་བདའ་འདེད་མཐའ་གཅིག་ཏུ་གཏོང་བ་བཅས་བྱས་ཏེ། སྒྲིག་ཁྲིམས་དང་འགལ་ཚེ་ཞིབ་བཤེར་ནན་པོ་བྱེད་པ་དང་། བཅའ་ཁྲིམས་དང་འགལ་ཚེ་རྩད་གཅོད་ནན་པོ་བྱེད་དགོས་པ་ནན་བཤད་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།