ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ་བཙུགས་ནས་ལོ་ངོ60འཁོར་བའི་རྟེན་འབྲེལ་བྱ་འགུལ་སྤེལ།

139530945_16058800690001n.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པས་ཚོགས་པ་བཙུགས་ནས་ལོ་ངོ60འཁོར་བར་བསུ་བ་ཞུས་ཤིང་། ཚེས20ཉིན་འབྲེལ་ཡོད་རྟེན་འབྲེལ་བྱ་འགུལ་ལྷ་སར་སྤེལ་བ་དང་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ(གྲོང་ཁྱེར་གཞས་མ་གཏམ་སྒྱུ་རྩལ་ཚོགས་པ)དུས་མཚུངས་སུ་སྒོ་བྱང་བཀལ་བ་རེད། 

139530945_16058800690481n.jpg

རྒྱུས་ལོན་པ་ལྟར་ན། ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ་ནི1960ལོར་བཙུགས་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་བཙུགས་པའི་རིག་རྩལ་ཚོགས་པ་སྔ་ཤོས་ཤིག་རེད། སྐབས་དེ་དུས་གླུ་གར་ཚོགས་པ་དེར་འཁྲབ་སྟོན་པ20ལྷག་ཙམ་ལས་མེད་པས་ལས་ཞོར་དཔུང་ཁག་གི་ཁོངས་སུ་གཏོགས་ཡོད། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཐུགས་ཁུར་འོག་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེན་དུ་གྱུར་ཡོད། ད་ལྟ། ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པ(གྲོང་ཁྱེར་གཞས་མ་གཏམ་སྒྱུ་རྩལ་ཚོགས་པ)ཀྱི་སྒོ་བྱང་བཀལ་བ་ལས་གླུ་གར་ཚོགས་པ་དེ་བོད་ཀྱི་གླུ་གར་དང་གཞས་མ་གཏམ་སྒྱུ་རྩལ་གྱི་རྣམ་གྲངས་ཆེན་པོ་གཉིས་ཡོད་པའི་ཆེད་ལས་ཚོགས་པ་རུ་གྱུར་པ་མཚོན་ཡོད། མིག་སྔར་བསྡོམས་པས་སྒྲིག་ཁོངས་སུ་ཚུད་པའི་འཁྲབ་སྟོན་པ106ཡོད་པ་རེད།  ། 

139530945_16058800691261n.jpg

139530945_16058800691971n.jpg

139530945_16058800692481n.jpg

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།