བོད་ལྗོངས་ཡོངས་ཀྱི་ཕྱི་རོལ་ལུས་རྩལ་འདུ་ཚོགས་སྐབས་བདུན་པའི་ཉིང་ཁྲིའི་བི་ཤུ་འགྲན་བསྡུར་གཉེར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས19ཉིན། རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི2020ལོའི་ལྗོངས་ཡོངས་ཀྱི་ཕྱི་རོལ་ལུས་རྩལ་འདུ་ཚོགས་སྐབས་བདུན་པའི་ཉིང་ཁྲིའི་བི་ཤུ་འགྲན་བསྡུར་ཉིང་ཁྲི་གྲོང་ཁྱེར་ལུས་རྩལ་ཐང་དུ་གཉེར་བ་རེད།

ཐེངས་འདིའི་འགྲན་བསྡུར་ལ་སྲོལ་རྒྱུན་གྱི་མདའ་གཞུ་སྤྱོད་པ་དང་། སྲོལ་རྒྱུན་གྱི་བི་ཤུའི་འགྲན་བསྡུར་སྒྲིག་སྲོལ་ལྟར་སྤེལ་བ་རེད། འགྲན་ཞུགས་རུ་ཁག་རེར་མདའ་འཕེན་རུ་ཁག་དང་མདའ་གཞས་རུ་ཁག་གཉིས་ཡོད་པ་རེད།

འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད། ཀོང་པོ་རྒྱ་མདའ་རྫོང་རུ་ཁག་གི་ཤེས་རབ་ཉི་མ་དང་རྡོ་རྗེ་དབང་གྲགས། སྨན་གླིང་རྫོང་རུ་ཁག་དང་པོའི་ཀརྨ་གསུམ་ལ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་པ་རེད། སྨན་གླིང་རྫོང་རུ་ཁག་དང་པོ་དང་། ཕུ་ལ་དམངས་འཚོའི་རུ་ཁག ཀོང་པོ་ལ་བ་ཐང་རུ་ཁག་བཅས་ལ་ཚོགས་པའི་ཨང་དང་པོ་ནས་གསུམ་པ་ཐོབ་པ་རེད། ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་རུ་ཁག་དང་། ཀོང་པོ་ཨ་རྒྱལ་རུ་ཁག ཁམས་བཀྲ་ཞིང་འབྲོག་རུ་ཁག་བཅས་ལ་མདའ་འཕེན་རུ་ཁག་གི་ཨང་དང་པོ་ནས་གསུམ་པ་ཐོབ་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།