བོད་ལྗོངས་ཀྱིས་གཞི་རིམ་འཐབ་ཕྱོགས་དང་པོར་མེ་ཟོན་རླངས་འཁོར་དང་རོགས་སྐྱོབ་སྒྲིག་ཆས་སྤྲད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་ལྷ་ས་གྲོང་ཁྱེར་དུ་མེ་ཟོན་རླངས་འཁོར་དང་སྒྲིག་ཆས་གཅིག་བསྡུས་སྒོས་སྤྲོད་པའི་མཛད་སྒོ་གཉེར་ནས། མེ་ཟོན་རླངས་འཁོར་སྣ་ཚོགས55དང་། ས་ཡོམ་གྱི་རོགས་སྐྱོབ་སྒྲིག་ཆས38འཁྱེར་བདེའི་སྲུང་སྐར་ཡོ་ཆས28བཅས་གཞི་རིམ་ཀྱི་འཐབ་ཕྱོགས་དང་པོའི་རུ་ཁག་ལ་གཅིག་བསྡུས་སྒོས་སྤྲད་པ་དང་། ལྗོངས་ཡོངས་ཀྱི་མེ་ཟོན་སྒྲིག་ཆས་བཟོ་སྐྲུན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས། ལྗོངས་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་རུ་ཁག་གི་འཐབ་ནུས་སྔར་བས་ཆེ་རུ་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་སྤྲད་པའི་མེ་ཟོན་རླངས་འཁོར་དང་སྒྲིག་ཆས་དག་འགག་སྒྲོལ་བཟོ་དབྱིབས་དང་རྒྱུན་གཏན་བཟོ་དབྱིབས་གཉིས་སུ་ཕྱེས་ཡོད་ཅིང་། ད་ཡོད་མེ་ཟོན་རླངས་འཁོར་གྱི་བཟོ་དབྱིབས་ཡོད་པ་ཕུད། ད་དུང་མེ་ཟོན་རླངས་འཁོར་གསར་པ་བཀོད་སྒྲིག་བྱས་ཡོད། དེ་ནི་ཉེ་བའི་ལོ་ལྔའི་རིང་། རང་ལྗོངས་མེ་ཟོན་རུ་ཁག་གིས་གཞི་ཁྱོན་ཆེན་པོའི་སྒོ་ནས་མེ་ཟོན་རླངས་འཁོར་དང་སྒྲིག་ཆས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སྤྲོད་ཐེངས་དང་པོ་ཡིན་ཞིང་། དེར་ཁྱོན་སྒོར་དུང་ཕྱུར1.3བཏང་བ་ལས། མེ་ཟོན་རོགས་སྐྱོབ་ཀྱི་དངོས་འཐབ་ནུས་པ་ཤུགས་ཆེ་རུ་ཕྱིན་ནས་བདེ་འཇགས་ཀྱི་ཉེན་ཁ་ཆེ་རིགས་སྔོན་འགོག་དང་སེལ་བ་དང་། ཐོལ་བྱུང་གནོད་འཚེའི་ལས་འཛོལ་སྣ་ཚོགས་ཐོན་པར་ཁ་གཏད་གཅོག་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།