སྟོད་ལུང་བདེ་ཆེན་ཆུས་མེ་ཟོན་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་དགོན་སྡེར་མེ་ཟོན་བདེ་འཇགས་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁོངས་གཏོགས་ཁུལ་གྱི་དགོན་སྡེའི་རིག་དངོས་དང་ཁང་པའི་ཐད་ཀྱི་དགོན་སྡོད་དོ་དམ་ཨུ་ཡོན་ལྷན་ཁང་དང་དགོན་སྡེའི་གྲྭ་བཙུན་གྱི་མེ་ཟོན་བདེ་འཇགས་དོ་དམ་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་ཆེད། ཉེ་ཆར་སྟོད་ལུང་བདེ་ཆེན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་སྟོད་ལུང་བདེ་ཆེན་ཆུས་མི་རིགས་ཆོས་ལུགས་ཅུས་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་དགོན་སྡེ19ཡི་རིག་དངོས་དང་ཁང་པའི་དགོན་སྡེ་དོ་དམ་ཨུ་ལྷན་དང་དགོན་སྡེའི་གྲྭ་བཙུན56སྒྲིག་འཛུགས་བྱས་ཏེ། “སྟོད་ལུང་བདེ་ཆེན་ཆུས་དགོན་སྡེའི་རིག་དངོས་དང་གནའ་རབས་འཛུགས་སྐྲུན་གྱི་མེ་ཟོན་ལས་དོན་ཚོགས་འདུ”འཚོགས་ནས“མེ་ཟོན་ལ་དོ་ཁུར་བྱས་ནས་ཚེ་སྲོག་གོང་དུ་བཀུར་བའི”བརྗོད་དོན་གཙོ་བོའི་མེ་ཟོན་དྲིལ་བསྒྲགས་ཀྱི་ནང་སྦྱོང་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་མེ་ཟོན་རུ་ཆེན་གྱིས་ཚོགས་ཞུགས་མི་སྣ་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་སུ་མེ་ཟོན་གྱི་ཤེས་བྱ་དྲིལ་བསྒྲགས་དང་། མེ་ཟོན་གྱི་སྒྲིག་ཆས་འགྲེམས་སྟོན། མེ་སྐྱོན་ལས་ཐར་ཐབས་སློབ་པ། མེ་ཟོན་ཤེས་བྱའི་རོལ་རྩེད་ཆུང་ངུ་སོགས་མེ་ཟོན་དྲིལ་བསྒྲགས་ཀྱི་མྱོང་རོལ་བྱེད་སྒོའང་སྤེལ་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།