ཉིང་ཁྲི་གྲོང་ཁྱེར་གྱིས་སྐབས་བཞི་བའི་ཀུན་སྤྱོད་དཔེ་བཟང་མི་སྣར་གཟེངས་བསྟོད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིང་ཁྲིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་གི་གཡུར་དུ་ཟ་བའི་གྲུབ་འབྲས་མངོན་མཚོན་གང་ལེགས་བྱས་ཏེ། ཀུན་སྤྱོད་དཔེ་བཟང་ཅན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀུན་སྤྱོད་ལག་ལེན་ཁྲོད་ཞུགས་པར་སྐུལ་སློང་བྱ་ཆེད། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་ཏང་ཨུ་དང་། གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་དཔལ་ཡོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི“དུས་རབས་གསར་པར་འབད་འཐབ་བྱེད·དཔེ་བཟང་ང་ཚོའི་ཉེ་འགྲམ་དུ་ཡོད”ཅེས་པའི་ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་བཞི་པའི་ཀུན་སྤྱོད་དཔེ་བཟང་ཡོངས་བསྒྲགས་མཛད་སྒོ་ཉིང་ཁྲི་གྲོང་ཁྱེར་དུ་འཚོགས་པ་རེད།

ཐེངས་འདིའི་དཔྱད་འདེམས་བྱ་འགུལ་ནི་རྒྱ་ཁྱབ་ངང་འོས་སྦྱོར་བྱས་ཏེ་ཐོབ་ཐང་ཞིབ་བཤེར་དང་སྤྱི་ཚོགས་ཡོངས་བསྒྲགས་སོགས་ཀྱི་གོ་རིམ་བརྒྱུད་ཉིང་ཁྲི་གྲོང་ཁྱེར་ཏང་ཨུ་ལ་ཞིབ་བཤེར་གཏན་འབེབས་བྱེད་པར་ཕུལ་བ་ཡིན། དཔྱད་བསྡུར་གཏན་འབེབས་བྱས་པ་བརྒྱུད། ཉིང་ཁྲི་གྲོང་ཁྱེར་དཔལ་ཡོན་ཨུ་ཡོན་ལྷན་ཁང་གིས“རྒྱལ་གཅེས་ཁྲིམས་སྲུང”དང་། “གཞན་ཕན་ལ་དགའ་བ”“ལས་བརྩོན་སྐྱེས་འབུལ”“ཟོལ་མེད་ཡིད་རྟོན། ”“རྒན་བཀུར་གཉེན་གཅེས། ”“བདེན་པའི་རྒྱབ་ལངས་”བཅས་རིགས་དྲུག་དབྱེ་ནས་སྟག་ལུང་སོགས་བློ་མཐུན11ལ་སྐབས་བཞི་པའི་ཉིང་ཁྲི་གྲོང་ཁྱེར་གྱི་ཀུན་སྤྱོད་དཔེ་ལེགས་ཅན་གྱི་མཚན་སྙན་སྤྲོད་པར་གཏན་འབེབས་བྱས་པ་རེད།

ཉིང་ཁྲི་གྲོང་ཁྱེར་གྱི་སྔོན་ཆད་ཀྱི་ཀུན་སྤྱོད་དཔེ་བཟང་མི་སྣ་དང་། རོང་འབྲོག་མང་ཚོགས་ཀྱི་འཐུས་མི་དང་། ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི། གྲོང་ཁྱེར་ཐད་གཏོགས་སྡེ་ཚན་སོ་སོའི་འཐུས་མི་བཅས་བསྡོམས་པས་མི270ལྷག་མཛད་སྒོར་ཞུགས་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།