​“དགུན་དུས་ལྷ་སར་ཡུལ་སྐོར་བྱེད་པ”ཞེས་པའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་བསྡུས་པ།

2.jpg

འོས་སྦྱོར་ཚོགས་འདུའི་ཡུལ་དངོས།

3.jpg

འོས་སྦྱོར་ཚོགས་འདུའི་ཡུལ་དངོས།

4.jpg

འོས་སྦྱོར་ཚོགས་འདུའི་ཡུལ་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་དུ་འགྱུར་བའི་ཆ་རྐྱེན་འོག་བོད་རང་སྐྱོང་ལྗོངས་ཀྱི“དགུན་དུས་ལྷ་སར་ཡུལ་སྐོར་བྱེད་པའི”སྲིད་ཇུས་ཀྱི་བཀོད་སྒྲིག་དང་ལེན་ཧུར་ཐག་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་གཙོ་གཉེར་བྱས་པའི2020ལོའི“དྭངས་གཙང་ལྷ་ས·བདེ་ཐང་ཡུལ་སྐོར”གྱི་དགུན་དུས་ཡུལ་སྐོར་སྐོར་སྐྱོད་བྲིན་ཚོང་འོས་སྦྱོར་ཚོགས་འདུ་དེ་ཁྲེང་ཏུའུ་ཐའེ་ཀུའུ་ལི་ཐང་ཆེན་དུ་སྤེལ།

  ཤེས་རྟོགས་བྱུང་བ་ལྟར་ན། བྱ་འགུལ་གྱི་དམིགས་ཡུལ་ནི་ལྷ་སའི་ཡུལ་སྐོར་ཁྲོམ་ར་སླར་གསོ་ཤུགས་ཆེན་ཡོང་རྒྱུར་སྐུལ་འདེད་གཏོང་བ་མ་ཟད། ལྷ་སའི་དགུན་དུས་ཡུལ་སྐོར་ཐོན་ཁུངས་ཁྱབ་གདལ་ཤུགས་ཆེན་བཏང་ནས་ལྷ་སའི་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དེ་རེད།



རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།