མངའ་རིས་ས་ཁུལ་གྱི་མང་ཚོགས23159དབུལ་ཐར་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས17ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་མངའ་རིས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་གནས་ཚུལ་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས། ཚོགས་ཐོག་ནས་མངའ་རིས་ས་ཁུལ་གྱི་ཏང་ཨུའི་ཨུ་ཡོན་ནམ་སྲིད་གཞུང་གི་རྒྱུན་ལས་ཀྲོན་ཡོན་གཞོན་པ་ཡོན་ཧྥུའུ་གོ་ཡིས་གསར་འགྱུར་མགྲིན་ཚབ་པའི་ཚུལ་དུ་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས། མིག་སྔའི་བར་དུ་ས་ཁུལ་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་བོ6183ཡི་མི23159ཚང་མ་དབུལ་ཐར་བྱས་ཤིང་། རྫོང7གྱི་དབུལ་ཕོངས་ཞྭ་མོ་ཕུད་པ་དང་། དབུལ་ཕོངས་གྲོང་ཚོ139དབུལ་ཕོངས་གྲོང་ཚོ་ལས་ཕྱིར་བུད་ནས། དབུལ་ཕོངས་བྱུང་ཚུལ28.7%ནས་ཐིག་ལེ་བར་དུ་ཆག

དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕྱོགས་ཡོངས་ནས་ལེན་ཆེད། མངའ་རིས་ས་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་ལས་དོན་དེ་དོན་ཆེན་ཨང་དང་པོ་དང་ཆབ་སྲིད་ལས་དོན་གལ་ཆེན། དམངས་འཚོའི་ལས་དོན་དང་པོ་བཅས་སུ་བརྩིས་ནས། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”ལ་དམིགས་ཏེ། “གནད་འཕིགས་དྲུག”རྒྱུན་འཁྱོངས་བྱས་ཤིང་། “མི་འདོར་བ་བཞི”ཡི་བླང་བྱ་ལྟར། ཐོན་ལས་དབུལ་སྐྱོར་དང་ཡུལ་གཞན་གནས་སྤར། ལས་ཞུགས་སྤོ་སྒྱུར། སྐྱེ་ཁམས་ཁ་གསབ། སློབ་གསོ་དབུལ་སྐྱོར། བདེ་ཐང་དབུལ་སྐྱོར། སྤྱི་ཚོགས་མོས་སྐྱོར་སོགས་ཀྱི་བྱེད་ཐབས་གཅིག་གྱུར་སྒོས་སྐུལ་འདེད་བཏང་སྟེ། མི་ཤུགས་དང་དངོས་ཤུགས། རྒྱུ་ཤུགས་བཅས་གཅིག་བསྡུས་ཧྲག་བསྡུ་བྱས་ནས་དབུལ་ཐར་མཁྲེགས་གཏོར་བྱ་བར་གཏན་འཁེལ་རང་བཞིན་གྱི་གྲུབ་འབྲས་ཐོབ།

རྒྱུས་ལོན་པ་ལྟར་ན། མངའ་རིས་ས་ཁུལ་གྱིས90%ཡི་རིམ་མཚུངས་རྣམ་གྲངས་མ་དངུལ་དང80%ཡི་བོད་སྐྱོར་མ་དངུལ་དེ་ཤིན་ཏུ་དབུལ་བོ་ཡིན་པའི་རྫོང་དང་ཤང་དུ་ཁ་ཕྱོགས་ཏེ། རིམ་པ་སོ་སོའི་ནོར་སྲིད་ཀྱིས་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར30.6དབུལ་ཐར་མཁྲེགས་གཏོར་ཐད་བཀོལ་སྤྱོད་བྱས། 2019ལོར་རྣམ་གྲངས18དངོས་འབེབས་ལག་བསྟར་བྱས་པ་དང་། ད་ལོར་གན་རྒྱ་བཞག་པའི་དབུལ་སྐྱོར་རྣམ་གྲངས53ཡོད་དེ། གན་འཇོག་མ་དངུལ་སྒོར་དུང་ཕྱུར3.53ཡོད། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར287.1བཏང་སྟེ། མཐོར་འདེགས་བཅུ་ཡི་ལས་གཞི་རྣམ་གྲངས2009ལག་བསྟར་བྱས།

ཡོན་གོ་ཧྲུའུ་ཡིས་བཤད་རྒྱུར། 2020ལོ་ནི་དབུལ་ཐར་མཁྲེགས་གཏོར་ཕྱོགས་ཡོངས་ནས་མཇུག་བསྡུ་བའི་ལོ་ཡིན་ཏེ། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཤང་གྲོང་དར་རྒྱས་འབྲེལ་མཐུད་བྱ་བར་སྐུལ་འདེད་གཏོང་ཆེད། མངའ་རིས་ས་ཁུལ་གྱི་གོང་འོག་ཚང་མས་ཀྲུང་དབྱང་གི་སྐོར་ཐེངས་བདུན་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་དང་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལྟར། “མི་འདོར་བཞི”ཡི་བྱ་བའི་བླང་བྱ་དང་། “ཤུགས་སྣོན་དང་། སྲ་བརྟན། མཐོར་འདེགས”བཅས་ཀྱི་བྱ་བའི་བསམ་ཕྱོགས་ལྟར། ལམ་ལུགས་དང་། སྲིད་ཇུས། འཆར་འགོད་བཅས་ཀྱི་འབྲེལ་མཐུད་བྱ་བར་ལེགས་པོར་བསྒྲུབས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཤང་གྲོང་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་ལས་ཞིང་སྡེ་དེང་རབས་ཅན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།