བོད་ལྗོངས་ཉིང་ཁྲི་ཡིས་ཆེས་སྔ་བའི་ལོ་གསར་བསུས་པ།

2.jpg

ཀོང་པོའི་ལོ་གསར་ལ་རོལ་བའི་མང་ཚོགས།

3.jpg

ཀོང་པོའི་ལོ་གསར་ལ་རོལ་བའི་མང་ཚོགས།

4.jpg

ཀོང་པོའི་ལོ་གསར་ལ་རོལ་བའི་མང་ཚོགས།

5.jpg

ཀོང་པོའི་ལོ་གསར་ལ་རོལ་བའི་མང་ཚོགས།

6.jpg

ཀོང་པོའི་ལོ་གསར་ལ་རོལ་བའི་མང་ཚོགས།

7.jpg

ཀོང་པོའི་ལོ་གསར་ལ་རོལ་བའི་མང་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  བོད་ཟླ་བཅུ་པའི་ཚེས་གཅིག་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྲོལ་རྒྱུན་གྱི་ཀོང་པོའི་ལོ་གསར་ཚེས་གཅིག་ཡིན་ཞིང་། དེ་ནི་བོད་ལྗོངས་སུ་བསུ་བའི་ལོ་གསར་གྱི་མཛད་སྒོ་ཆེས་སྔ་ཤོས་རེད།  ཉིང་ཁྲི་གྲོང་ཁྱེར་གྱི་བོད་རིགས་མང་ཚོགས་ཀྱིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་མཉམ་དུ་ཀོང་པོའི་ལོ་གསར་རོལ་པ་དང་། ཀོང་པོའི་ལོ་གསར་ཐོན་པ་དང་བསྟུན་བོད་ལྗོངས་ས་གནས་སོ་སོས་ཀྱང་ལོ་གསར་བསུ་བའི་དམངས་སྲོལ་བྱ་འགུལ་རབ་དང་རིམ་པ་སྤེལ་བཞིན་ཡོད། དྲོད་སྐྱིད་ཀྱི་ཉི་འོད་དང་། མཛེས་སྡུག་ལྡན་པའི་ཡུལ་ལྗོངས། སྤྲོ་སེམས་ཀྱིས་ཁེངས་བའི་མི་རྣམས་ཀྱིས་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་སེམས་འགུག་པ་རེད། །


རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།