སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲོན་བོད་ལྕགས་ལམ་སྐྲུན་འགོ་འཛུགས་པར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས13ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲོན་བོད་ལྕགས་ལམ་སྐྲུན་འགོ་འཛུགས་པར་གནང་བའི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་ཐོ་འགོད་ལ་ཞུགས་སྐབས་དང་ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་བྱས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། སྤྱི་ཁྱབ་ཧྲུའུ་ཅིས་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་འགན་གཙང་བླངས་པའི་ས་ཞིང་དོ་དམ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་དང་དེ་བཞིན་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་འགན་གཙང་བླངས་པའི་ས་ཞིང་གི་བདག་དབང་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་ཕྱོགས་སྡོམ་དང་ གཟེངས་བསྟོད་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། སྤྱི་ཁྱབ་ཧྲུའུ་ཅིས་དུས་བདེའི་ཀྲུང་གོ་སྐྲུན་པའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་དུས་བདེའི་ཀྲུང་གོ་སྐྲུན་པའི་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བཅས་གནང་བ་དང་། ཀྲུང་གུང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་བསམ་ཕྱོགས་གོང་ཞུ་བྱ་རྒྱུའི་སྐོར་གྱི་དགོངས་སྐོར》དང་། 《2020ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་དང་གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་གྱི་གྲོས་འགོ་གོང་ཞུ་བྱ་རྒྱུའི་སྐོར་གྱི་དགོངས་སྐོར》 《ཁྲོམ་རའི་བྱེད་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་སྲིད་ཇུས་བྱ་ཐབས་འགའ་ཞིག་སྐོར་གྱི་དགོངས་སྐོར》བཅས་དང་། ལྗོངས་ཏང་ཨུད་རྩ་འཛུགས་པུའི《“ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་རྩེ་གྲ་བརྒྱའི”གཟེངས་བསྟོད་བྱ་ཡུལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་དགོངས་སྐོར》དང《བོད་རང་སྐྱོང་ལྗོངས་ཀྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འདེམས་བསྐོའི་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་ཞིབ་སྲོལ》ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡི་དགོངས་སྐོར་བཅས་ལ་ཞིབ་འཇུག་གནང་བ་མ་ཟད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་པེ་ཅིང་དུ་ལས་དོན་སྙན་སེང་དང་འབྲེལ་མཐུད་ཀྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་ཀྱང་བཏང་གནང་བ་རེད།

       ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དེས་ང་ཚོར་ལས་དོན་ཡག་པོ་བསྒྲུབ་པའི་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་འདུ་ཤེས་རབ་དང་རིམ་པ་ཟབ་ཏུ་གཏོང་བ་དང་། ལྕགས་ལམ་རྒྱུད་ཀྱི་འབྲེལ་ཡོད་ལས་དོན་སྤྱི་འདོམས་ངང་ཡག་པོ་སྒྲུབ་པ། ལས་ཞུགས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ངལ་རྩོལ་ནུས་ཤུགས་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས། གླེང་ཕྱོགས་ཀྱི་དྲིལ་བསྒྲགས་ཁྲིད་སྟོན་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས། ཉིང་ཁྲི་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་གྱིས་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ཉེན་ཁར་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་བ། ཁ་གཏད་འཇལ་བའི་སྔོན་ཇུས་དང་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བ། གནད་དོན་ལ་བསམ་གཞིག་སྔར་བས་མང་ཙམ་བྱེད་པ། ལས་ཀ་སྔར་བས་ཞིབ་ཚགས་སུ་གཏོང་བ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལེགས་སྒྲུབ་ཏན་ཏིག་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་ལུགས་མཚོན་པར་བྱེད་དགོས་ཞེས་བསྟན་ཡོད།

       ཚོགས་འདུའི་ཐོག མི་འབོར་ཡོངས་བཤེར་ཐེངས་བདུན་པ་ཡག་པོ་སྒྲུབ་པ་ནི་དུས་རབས་གསར་པར་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟག་དཔྱད་གལ་ཆེན་ཐེངས་ཤིག་བྱེད་པ་རེད་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁྲིམས་དང་སྒྲིག་སྲོལ་ལྟར་ཡོངས་བཤེར་མཐའ་འཁྱོངས་བྱས་ཏེ་ཡོངས་བཤེར་བྱ་ཡུལ་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ནན་པོ་བྱེད་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་འཕེལ་བར་བྱེད་དགོས། འདུ་ཤེས་རབ་དང་རིམ་པ་མཐའ་འཁྱོངས་བྱེད་པ་དང་། མི་འབོར་ཡོངས་བཤེར་གྱི་གྲངས་གཞི་བེད་སྤྱོད་ཡག་པོ་བྱས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ལ་བསྡོམས་རྩིས་ཆ་འཕྲིན་གྱི་རྒྱབ་སྐྱོར་བྱས་ནས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་ས་དང་། སུན་སྣང་བྱེད་ས། སེམས་ནད་ཆེ་ས་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། ས་ཁུལ་དང་གྲོང་ཁྱེར་དང་། རྫོང་དང་ཆུས། ཤང་དང་གྲོང་རྡལ་བཅས་ཁག་གིས་གཞོགས་འདེགས་ཧུར་ཐག་དང་རང་འགུལ་ངང་རྒྱབ་སྐྱོར་བྱས་ནས་ཡོངས་བཤེར་ལས་དོན་ལ་འགན་ལེན་ནུས་ལྡན་བྱེད་དགོས། རྒྱ་ཆེའི་ཡོངས་བཤེར་མི་སྣས་ཡོངས་བཤེར་བྱེད་རིང་བདེ་འཇགས་ལ་དོ་སྣང་བྱས་ཏེ་ཡོངས་བཤེར་ལས་དོན་སྤུས་ཚད་མཐོ་བའི་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད།

       ཚོགས་འདུའི་ཐོག རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་འགན་གཙང་བླངས་པའི་ས་ཞིང་གི་དོ་དམ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན། དེ་བཞིན་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་འགན་གཙང་བླངས་པའི་ས་ཞིང་གི་བདག་དབང་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་ཕྱོགས་སྡོམ་དང་གཟེངས་བསྟོད་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་ཁྲིམས་ལྟར་ཞིང་པའི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དེ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་དང་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་སྒྱུར་བཅོས་ཀྱི་ཁེ་ཕན་ལས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཕན་པ་དེ་བས་ཆེ་བ་དང་དེ་བས་མང་བ་ཐོབ་པར་བྱེད་དགོས། ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། རིམ་ཁག་སྲིད་གཞུང་དང་། གཞི་རིམ་མང་ཚོགས། ས་ཞིང་སྤྱོད་མཁན་ཁེ་ལས་བཅས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་རྗེས། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་བོད་ཀྱི་དོན་དངོས་དང་མཐུན་པའི་སྒྱུར་བཅོས་བྱེད་ཐབས་དང་སྒྱུར་བཅོས་ཇུས་གཞི་བཟོས་ནས་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

       ཚོགས་འདུའི་ཐོག རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་བྱས་ནས་ལོ་30འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་དུ་གྲུབ་པའི་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་ནན་ཏན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་དང་རྒྱལ་ནང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཁྲོད་ཀྱི་རང་ལྗོངས་ཀྱི་གནས་བབ་གནད་ལ་འཁེལ་བའི་ངང་འཚོལ་བ། ཧྲའན་ཤིས་དང་། ཀན་སུའུ། མཚོ་སྔོན། ཉིང་ཞ་བཅས་ཀྱི་དཔལ་འབྱོར་ཁུལ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ། “རྒྱུད་གཅིག་ལམ་གཅིག”བཅས་ནང་མཉམ་འདྲེས་ཧུར་ཐག་བྱེད་པ། སྐྱིད་གྲོང་དང་འདྲེན་ཐང་སོགས་འགག་སྒོ་དང་མཐའ་མཚམས་དཔལ་འབྱོར་གསར་སྤེལ་ཚོད་ལྟའི་ཁུལ་མགྱོགས་མྱུར་བསྐྲུན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ནང་ཧུར་ཐག་ཞུགས་པ། ཞིང་འབྲོག་ཚན་རིག་ལག་རྩལ་གཞན་སྒྱུར་ཉེར་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གྲུབ་འབྲས་དང་གསར་གཏོད་གྲུབ་འབྲས་དེ་བས་ལེགས་པའི་སྒོ་ནས་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་ལ་དམིགས་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་སློབ་གསོ་དང་ལས་ཞུགས་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། མི་དམངས་ཀྱི་སྡོད་མལ་བདེ་སྡོད་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་ཀྱིས་ཐོན་ཁུངས་ཡག་ཤོས་མི་དམངས་ལ་འཇོག་པ་དང་། གྲོང་ཁྱེར་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པ། ལྷ་སའི་སྔོ་ལྗང་འཛུགས་སྐྱོང་དང་ཆུ་ལམ་སྒྱུར་བཀོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་གྲོང་ཁྱེར་བཅོས་སྐྱོང་གི་རྣམ་པ་གསར་པ་གཏོད་དགོས་ཞེས་བསྟན་ཡོད།

       ཚོགས་འདུའི་ཐོག རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་བདེའི་ཀྲུང་གོ་སྐྲུན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་གོ་བ་ཡག་པོ་བླངས་ནས། དེ་ཉིད་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ཨང་དང་པོར་འཇོག་པ། དུས་བདེ་འཛུགས་སྐྲུན་དང་བརྟན་ལྷིང་སྲུང་སྐྱོང་ཟུང་འབྲེལ་དམ་ཟབ་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་བློ་ཟབ་ཏུ་གཏོང་བ། མ་བྱུང་སྔོན་འགོག་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་པ་དང་། གནས་ཚུལ་ཚབས་ཆེན་མི་ལྷག་པར་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཁུར་ལེན་དང་དོན་འཁྱོལ་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་བ། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་ཧུར་ཐག་བསྐྲུན་པ་དང་། རྒྱལ་ཁབ་བདེ་འཇགས་དང་བོད་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་བདེའི་བོད་ལྗོངས་སྐྲུན་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཕྱོགས་གཅིག་གི་དུས་བདེ་སྲུང་སྐྱོང་དང་ཕྱོགས་གཅིག་གི་བརྟན་ལྷིང་འགན་ལེན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་སྒྲུབ་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དུས་བདེའི་བོད་ལྗོངས་སྐྲུན་པའི་གཏམ་རྒྱུད་ཡག་པོ་བརྗོད་དེ་རྣམ་པ་བཟང་པོ་གཏོད་དགོས་ཞེས་བསྟན་ཡོད།

       ཚོགས་འདུའི་ཐོག “ལོ་ལྔ་ཚན་བཅུ་བཞི་པའི”རིང་ནི་དུས་རབས་གསར་པར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་ཤིག་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་དེ་བཞིན་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་རྒྱུན་འཛིན་དང་གསར་གཏོད་དང་། སྲིད་གཞུང་དང་ཁྲོམ་ར། སྒོ་དབྱེ་དང་རང་བརྟེན། འཕེལ་རྒྱས་དང་བདེ་འཇགས། འཐབ་ཇུས་དང་འཐབ་རྩལ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཚུགས་གནས་མཐོ་བ་དང་། ཇུས་འགོད་གཏིང་ཟབ་པ། འཆར་འགོད་རྒྱང་རིང་བ། དམིགས་ཚད་གནད་ལ་འཁེལ་བ་བཅས་ཀྱི་བླང་བྱ་ལྟར། འདུ་ཤེས་རབ་དང་རིམ་པ་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱིའི་ཁྲོད་བཞག་ནས་བསམ་གཞིག་དང་འཆར་འགོད་བྱེད་པ་དང་། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་འབབ་ས་བཅས་ལ་དམ་པོར་དམིགས་ཏེ“ལྟོ་གོས་ཀྱི་གནད་དོན”ཐག་གཅོད་བྱེད་དགོས་ལ“བསམ་བློའི་གནད་དོན”དེ་བས་ཀྱང་ཐག་གཅོད་བྱེད་དགོས་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་གཏོང་། དམངས་འཚོ་ལེགས་གཏོང་། རིག་གནས་ཡུལ་སྐོར། ཞིང་ལས་གྲོང་གསེབ། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སོགས་ཐད་ཀྱི་ལས་དོན་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ལེགས་ཆ་འདོན་སྤེལ་དང་ཞན་ཆ་སེལ་བའི་ཐད་ཤུགས་སྣོན་ཧུར་ཐག་རྒྱག་པ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དང་། གཙོ་གནད་ལས་འགན། བྱེད་ཐབས་གལ་ཆེན་བཅས་ལ་ཞིབ་འཇུག་ནན་ཏན་བྱེད་པ། ཚན་རིག་དང་མཐུན་པའི་ངང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་བ་བཅས་བྱས་ཏེ་དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ཁྲིད་སྟོན་ཏན་ཏིག་བྱེད་དགོས་ཞེས་བསྟན་ཡོད།

       ཚོགས་འདུའི་ཐོག རང་ལྗོངས་ཀྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་སྦྲགས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། དམིགས་ཚད་དམ་པོར་བཟུང་ནས་ལྷོད་གཡེང་མི་གཏོང་བ། ཡིད་ཆེས་དང་ངེས་ཤུགས་བརྟན་དུ་གཏོང་བ། ལས་དོན་ཁག་མུ་མཐུད་ཡག་པོ་སྒྲུབ་པ་བཅས་བྱས་ནས་དུས་བཀག་ལྟར་ལོ་འཁོར་གྱི་དམིགས་ཚད་ལས་འགན་དང“ལོ་ལྔ་ཚན་བཅུ་གསུམ་པ”ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་ཐུབ་པའི་འགན་ལེན་བྱེད་དགོས། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམིགས་པ། “མཚམས་མི་འཇོག་པ་བཞིའི”བླང་བྱ་མཐའ་འཁྱོངས་བྱེད་པ། སྐོར་གཟིགས་གནད་དོན་དག་ཐེར་བྱེད་ཤུགས་ཆེ་རུ་གཏོང་བ། ཚང་བཤེར་ཆད་གསབ་བྱེད་པ། ཞན་ཆ་སེལ་བ་བཅས་བྱས་ཏེ་དབུལ་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱིས་ལོ་རྒྱུས་དང་མི་དམངས་ཀྱི་ཚོད་བགམ་ཐེག་ཐུབ་པའི་འགན་ལེན་བྱེད་དགོས། ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་བཏང་སྟེ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ནས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་རིགས་ཁག་གི་མ་དངུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཞིང་པ་ལས་མིའི་གླ་ཆ་དུས་ཐོག་ཏུ་སྤྲད་དེ་གླ་ཆ་འགྱངས་ཆད་ཀྱི་སྣང་ཚུལ་གཏན་འགོག་བྱེད་དགོས། དམངས་འཚོའི་ཐ་སྐྱོང་འགན་ལེན་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་མང་ཚོགས་དང་ལྷག་པར་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་དང་དོ་ཁུར་བྱས་ནས་ཁོང་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་དངོས་འབྲེལ་ཚོར་བར་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མེ་ཟོན་བདེ་འཇགས་དང་འགྲིམ་འགྲུལ་བདེ་འཇགས་སོགས་ཕྱོགས་ཁག་གི་ལས་དོན་ཏན་ཏིག་བསྒྲུབས་ནས་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། དྲིལ་བསྒྲགས་སློབ་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་མང་ཚོགས་ཚོར་ཕན་པ་གང་ནས་བྱུང་བ་དང་སུ་ལ་ཕན་པ་ཐོབ་པ་གསལ་པོར་ཤེས་སུ་འཇུག་པ་དང་། “མོས་སེམས་ལྔ”སྔར་བས་ཟབ་ཏུ་བཏང་སྟེ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

       ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་རྩེ་གྲ་བརྒྱར་གཟེངས་བསྟོད་བྱེད་པའི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་སྟེ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་།བསྡུར་སློབ་སྙེག་བརྒལ་གྱི་རྣམ་པ་ཟབ་མོ་བཏོད་ནས་ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་དེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་སྲུང་སྐྱོང་ཐུབ་པ། གནད་དོན་འཕྲད་སྐབས་མགོ་བོ་མི་རྨོངས་པ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པ་བཅས་ཀྱི་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་བཙན་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་སུ་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།