བོད་ལྗོངས་སྤོ་བོ་རྫོང་གིས་དྲ་ཐོག་དང་དྲ་ཕྱིའི“ཐབས་ལམ་གཉིས་ཀྱིས”གསར་བརྗེའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་བ།

1.jpg

འདི་ནི་སྤོ་བོའི་ཐོག་ཁང་དམར་པོ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ནི་བོད་ལྗོངས་ཀྱི་ཤར་ལྷོའི་མཚམས་སུ་གནས་ཡོད་ཅིང་། དེའི་ཁོངས་གཏོགས་རྫོང་མང་པོ་ཞིག་མཐའ་མཚམས་དང་འབྲེལ་ཡོད་པ་དང་། དེ་ནི་དམག་སྡེ་བཅོ་བརྒྱད་པ་བོད་ལྗོངས་སུ་བསྐྱོེད་པ་དང་། བོད་ལྗོངས་བཅིངས་འགྲོལ་གཏོང་བ། མཐའ་སྲུང་བདེ་འཇགས་སྲུང་སྐྱོང་བཅས་ཀྱི་གཡུལ་ས་གཙོ་བོ་ཞིག་ཡིན་ལ། “བོད་སྐྱོད་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཀྱང་ཡིན་པས། དེར་ཕུན་སུམ་ཚོགས་ཤིང་རྩ་ཆེ་བའི་གསར་བརྗེའི་ཐོན་ཁུངས་ཡོད།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གིས“གསར་བརྗེའི་སྤོ་བོ་དང་། ཐོག་ཁང་དམར་པོའི་སྙིང་སྟོབས། སྙིང་དམར་ཏང་འཛུགས་བཅས”ལ་དམིགས་ནས་དྲ་ཐོག་དང་དྲ་ཕྱིའི“ཐབས་ལམ་གཉིས”བེད་སྤྱོད་གང་ལེགས་བྱས་ཏེ་། གསར་བརྗེའི་སློབ་གསོའི“མྱུར་ཚད”མངོན་འགྱུར་བྱས་པ་རེད།

སྤོ་བོ་རྫོང་གིས་སྔ་རྗེས་སུ་ལས་བྱེད་པ་མངགས་གཏོང་བྱས་ཏེ་ལམ་ཐག་སྤྱི་ལེ25000ལྷག་ཙམ་བསྐྱོད་ནས་ཀྲུང་གོའི་ཕྱེད་ཀ་བརྒལ་ཏེ། ལོ་རྒྱུས་ཀྱི་དཔང་པོ་དང་གནས་ཚུལ་ཤེས་མཁན200ལྷག་ཙམ་ལ་བཅར་འདྲི་བྱས་ཤིང་། བཅར་འདྲི་བྱས་པའི་བརྙན་ལམ་སྐར་མ7000ལྷག་ཙམ་ཕབ་སྐྲུན་བྱས་ནས་སྤོ་བོའི་མངའ་ཁོངས་ཀྱི་གསར་བརྗེའི་གནའ་ཤུལ20ལྷག་ཙམ་སྔོག་འདོན་བྱས་ཏེ། ཀུན་གྱིས་ཤེས་པའི་གསར་བརྗེའི་ལོ་རྒྱུས་རིང་པོ་ཞིག་མྱུར་སྐྱོབ་བྱས་ནས་གསོན་ཉམས་ལྡན་པའི་གསར་བརྗེའི་གཏམ་རྒྱུད་མང་པོ་ཞིག་ཐོབ་ཡོད་ཅིང་། དེ་ནི་གསར་བརྗེའི་སློབ་གསོ་དང་། ཏང་གཤིས་སློབ་གསོ། མང་ཚོགས་ཀྱི་སློབ་གསོ་བཅས་སྤེལ་བའི་གསོན་ཉམས་ལྡན་པའི་སློབ་དེབ་ཅིག་ཏུ་གྱུར་ཡོད་པ་རེད།

2.jpg      

འདི་ནི་སྤོ་བོ་རྫོང་ཡིད་འོང་གི་དམག་དཔོན་ཐོག་ཁང་རེད།

སྤོ་བོ་རྫོང་གིས་ད་ཡོད་ཀྱི་དྲིལ་བསྒྲགས་འཐབ་ས་དང་སྒྲིག་བཀོད་བེད་སྤྱོད་གང་ལེགས་བྱས་ཏེ། ཐབས་ལམ་མང་བ་དང་། རྣམ་པ་མང་བ། ཕྱོགས་ཡོངས་བཅས་ཀྱི་ཐོག་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་མི་ཚང་མས་ཤེས་རྟོགས་ཐུབ་པ་དང་མི་ཚང་མས་དོ་སྣང་བྱེད་པའི“ཐོག་ཁང་དམར་པོའི་སྙིང་སྟོབས”ཀྱི་རྣམ་པ་ཟབ་མོ་ཞིག་བཟོས་ཤིང་། དྲིལ་བསྒྲགས་སྦྱར་ཡིག་གི་ཚོན་རྩི་བྱུག་པ་དང་། དྲིལ་བསྒྲགས་ཀྱི་པར་ངོས་བཟོ་བ། འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། LEDགློག་རྡུལ་བརྙན་ཤེལ་སོགས་སྲོལ་རྒྱུན་གྱི་བྱེད་ཐབས་ལ་བརྟེན་ནས“ཐོག་ཁང་དམར་པོའི་སྙིང་སྟོབས”དར་སྤེལ་བཏང་བ་རེད།

3·28ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་དང་། ལྔ་བཞི་གཞོན་ནུའི་དུས་ཆེན། བདུན་གཅིག་ཏང་འཛུགས་དུས་ཆེན། བརྒྱད་གཅིག་དམག་འཛུགས་དུས་ཆེན། བཅུ་གཅིག་རྒྱལ་སྟོན་དུས་ཆེན་སོགས་དུས་ཆེན་གལ་ཆེན་གྱི་སྐབས་སུ་གསར་བརྗེའི་བྱེད་སྒོ་སྤེལ་ཞིང་། “ཏང་ཡོན་ལས་བྱེད་པ་ཐོག་ཁང་དམར་པོར་སྐྱོད་པ”དང་། “གུང་གཞོན་ཚོགས་པའི་ཚོགས་མི་དང་ན་གཞོན་ཐོག་ཁང་དམར་པོར་སྐྱོད་པ།”  “ལོ་ཆུང་གདོང་ལེན་རུ་ཁག་ཐོག་ཁང་དམར་པོར་སྐྱོད་པ”“མི་དམངས་མང་ཚོགས་ཐོག་ཁང་དམར་པོར་སྐྱོད་པ”“སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཐོག་ཁང་དམར་པོར་སྐྱོད་པ”སོགས་ཀྱི་བྱེད་སྒོ་སྔ་རྗེས་སུ་སྤེལ་ཏེ། རྫོང་ཡོངས་ཀྱི་ཏང་ཡོན་དང་། གུང་གཞོན་ཚོགས་མི། ལོ་ཆུང་གདོང་ལེན་རུ་མི། ལས་བྱེད་པ་དང་མང་ཚོགས། སློབ་གྲྭ་འབྲིང་ཆུང་གི་སློབ་མ་བཅས་ཐོག་ཁང་དམར་པོར་བསྐྱོད་པ་རྩ་འཛུགས་བྱས་ནས་ལོ་རྒྱུས་ལ་རྗེས་དྲན་དང་། ཏང་ནང་ཞུགས་པ་དང་། གུང་གཞོན་ཚོགས་པར་ཞུགས་པ། རུ་ཁག་ཏུ་ཞུགས་པ་བཅས་ཀྱི་དམ་ཚིག་བསྐྱར་དྲན་བྱེད་དུ་བཅུག

སྤོ་བོ་རྫོང་གིས“གསར་བརྗེའི་རིག་གནས་གཞི་རིམ་དུ་སྤེལ་བ”དང་། “གསར་བརྗེའི་རིག་གནས་ལས་ཁུངས་སུ་སྤེལ་བ།”  “གསར་བརྗེའི་རིག་གནས་སློབ་གྲྭར་སྤེལ་བ”“གསར་བརྗེའི་རིག་གནས་དམག་སྒར་དུ་སྤེལ་བ”སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། སྒྲོག་འགྲེལ་པ་ཉིང་ཁྲི་གྲོང་ཁྱེར་གྱི་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་དང་། ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས། ཀླུ་ནང་དོ་དམ་ཨུ་ལྷན། སྤོ་བོ་རྫོང་གི་ཏང་ཡོན་ཆབ་སྲིད་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་སོགས་སུ་བསྐྱོད་ནས་འོས་འགན་གྱིས་གསར་བརྗེའི་ཏང་གི་སློབ་ཚན་ཐེངས200ལྷག་ཙམ་འཆད་ཁྲིད་བྱས་ཏེ། “ཐོག་ཁང་དམར་པོའི་སྙིང་སྟོབས”དར་སྤེལ་དུ་བཏང་ནས་ལས་བྱེད་པ་དང་མང་ཚོགས་མི་ཐེངས་ཁྲི2ལྷག་ཙམ་ལ་སློབ་གསོ་ཐོབ་པ་རེད།

  3.jpg

འདི་ནི་དམག་སྡེ་བཅོ་བརྒྱད་པའི་བུ་ཕྲུག་འཐུས་མི་ཚོགས་པས་ཕ་མེས་ཀྱི་ལམ་བུར་བསྐྱར་དུ་བསྐྱོད་དེ་ཐོག་ཁང་དམར་པོའི་ནང་བསྐྱོད་པའི་རྣམ་པ་རེད།

དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ལ་བརྟེན་ནས་སྤོ་བོ་རྫོང་གིས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་གསར་བརྗེའི་ལེ་ཚན་འབོར་ཆེན་ནང་སྦྱོང་བྱས་ནས་གཞི་རིམ་དུ་འཁྲབ་སྟོན་བྱས་ཏེ། གསར་བརྗེའི་རིག་གནས་ཞིང་ཁ་དང་མུ་ཁར་བསྐྱལ་བ་རེད། ཏང་བཙུགས་ནས་ལོ་འཁོར99ལོན་པའི་སྐབས་སུ། སྤོ་བོ་རྫོང་གིས་བརྩམས་པའི《ཐོག་ཁང་དམར་པོའི་གར་སྟེགས་ཟློས་གར》ཚོད་ལྟའི་འཁྲབ་སྟོན་ཐེངས་དང་པོ་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་གི་དོ་སྣང་རྒྱ་ཆེར་འཐོབ་སྟེ། བོད་རང་སྐྱོང་ལྗོངས་ཀྱིས་རྫོང་ཁོངས་ཐོན་ཁུངས་ལ་བརྟེན་ནས་གསར་གཏོད་བྱས་པའི་གསར་བརྗེའི་བརྗོད་དོན་གཙོ་བོའི་རིགས་ཀྱི་གར་སྟེགས་རྩེར་སོན་གྱི་འཁྲབ་ཚན་ཐོག་མར་གྱུར་པ་རེད། 2019ལོ་དང2020ལོར་སྤོ་བོ་རྫོང་ཁམ་བུའི་མེ་ཏོག་དུས་ཆེན་རིང་གསར་བརྗེའི་བརྗོད་དོན་འབུར་དུ་ཐོན་པ་བྱས་ནས་གསར་བརྗེའི་ལེ་ཚན་དང་གསར་བརྗེའི་བྱེད་སྒོ་འབོར་ཆེན་ནང་འདྲེས་པར་བྱས་པ་རེད།

སྤོ་བོ་རྫོང་གིས་འཕྲིན་ཕྲན་སྤྱི་རྟགས་དང་། སྲིད་གཞུང་གི་དྲ་ཚིགས། བརྙན་འཕྲིན་ཁང་སོགས་ཀྱི་གཞི་རྟེན་བེད་སྤྱོད་གང་ལེགས་བྱས་ཏེ། གསོན་ཉམས་ལྡན་ཞིང་ཡིག་རིས་ཟུང་འབྲེལ་གྱིས“ཐོག་ཁང་དམར་པོའི་སྙིང་སྟོབས”དར་སྤེལ་བཏང་སྟེ། ལོ་གཉིས་རིང་། དྲ་ཐོག་ནས་གསར་བརྗེའི་རྩོམ་ཡིག100ལྷག་སྤེལ་བ་རེད། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དང་།  དེའི་གནས་ཡུལ་གྱི་དམིགས་བསལ་རང་བཞིན་གྱི་དབང་གིས་ཡུལ་སྐོར་པར་ཁྱོན་ཡོངས་ནས་སྒོ་འབྱེད་དཀའ་བར་བསམ་གཞིགས་བྱས་ཏེ། སྤོ་བོ་རྫོང་གིས་ཐད་གཏོང་རྣམ་པས་ཐོག་ཁང་དམར་པོར་ལྟ་བའི་བྱེད་སྒོ་སྤེལ་བ་དང་། ཐད་གཏོང་རྣམ་པའི་ཐོག་ནས་རྒྱ་ཆེའི་དྲ་གྲོགས་རྣམས་ལ་ཐོག་ཁང་དམར་པོར་ལྟ་སྐོར་དང་ཐོག་ཁང་དམར་པོའི་གཏམ་རྒྱུད་ཤེས་རྟོགས་བྱེད་དུ་བཅུག་པ་དང་། རིམ་རྩིས་བྱས་ན་བསྡོམས་པས་ལྟ་སྐོར་བྱེད་ཚད་མི་ཐེངས་ཁྲི370ཟིན་ཡོད།

ཉེ་བའི་ལོ་ཤས་རིང་། སྤོ་བོའི་ཐོག་ཁང་དམར་པོར་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་དང་། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་སྲུང་སློབ་གསོའི་རྟེན་གཞི། ཉིང་ཁྲི་གྲོང་ཁྱེར་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི། ཉིང་ཁྲི་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞི་བཅས་སུ་བདམས་པ་རེད། 2020ལོའི་ཟླ9པར། “གསར་བརྗེའི་ལོ་རྒྱུས་སྔོག་འདོན་གཏིང་ཟབ་བྱས་ཏེ་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་འཁྱེར་སོ་བཟང་པོ་གཏོད་དགོས——བོད་རང་སྐྱོང་ལྗོངས་སྤོ་བོ་རྫོང་གི་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་དཔེ་མཚོན་དཔེ་གཞི”ཞེས་པ་དེ་རྒྱལ་ཡོངས་ཀྱི་གསར་བརྗེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་དཔེ་མཚོན་དཔེ་གཞིའི་ནང་བདམས་ཤིང་། དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་མིང་ཐོ་དེའི་ནང་ཚུད་པའི་སྡེ་ཚན་གཅིག་པུར་གྱུར་པ་རེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།