ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིག་གནས་དང་ཡུལ་སྐོར་པུའུ་ཡི་དྲ་ཚིགས་ཀྱི་གནས་ཚུལ་ལྟར་ན། ཟླ11པའི་ཚེས2ཉིན་རིག་གནས་ཡུལ་སྐོར་པུའུ་ཡིས་སྤྱི་བསྒྲགས་བྱས་པ་བརྒྱུད་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་ཡུལ་སྐོར་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱིA5རིམ་པའི་ཚད་གཞི་ལ་སླེབས་ཡོད་པས་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གཏན་འཁེལ་བྱས་པ་རེད།
སྤྱི་བསྒྲགས་ནང་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚད་གཞི་སྟེ《ཡུལ་སྐོར་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་དབྱེ་འབྱེད་དང་ཞིབ་དཔྱད་གཏན་འབེབས》དང་།《ཡུལ་སྐོར་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་དོ་དམ་བྱེད་ཐབས》གཞིར་བཟུང་སྟེ། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་སྲིད་འཛིན་སྡེ་ཚན་གྱིས་འོས་སྦྱོར་དང་། རིག་གནས་དང་ཡུལ་སྐོར་པུའུ་ཡིས་གོ་རིམ་ལྟར་ཕྱོགས་བསྡུས་ཀྱིས་དཔྱད་བསྡུར་གཏན་འབེབས་བྱས་རྗེས། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་ཡུལ་སྐོར་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་ཚད་གཞི་ལ་སླེབས་ཡོད་པས་རྒྱལ་ཁབ་ཀྱིA5རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གཏན་འཁེལ་བྱས་པ་དང་ཆབས་ཅིག་ཏུ་སྤྱི་བསྒྲགས་བྱས་པ་ཡིན།
སྤྱི་བསྒྲགས་དུས་ཡུན་ནི2020ལོའི་ཟླ11ཚེས2ཉིན་ནས་ཟླ11ཚེས8ཉིན་བར་ཡིན་ལ། སྤྱི་བསྒྲགས་དུས་ཡུན་ནང་གལ་ཏེ་སྤྱི་བསྒྲགས་ལས་ཁུངས་ལ་བསམ་འཆར་འདྲ་ཡོད་ན་གློག་རྡུལ་སྦྲག་ཡིག་གམ་བརྙན་སྐྱེལ་བརྒྱུད་ནས་བསམ་འཆར་བཏོན་ཆོག་པ་རེད། །
རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།
ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་རྒྱལ་ཁབ་ཀྱིA5རིམ་པའི་ལྗོངས་ཁུལ་དུ་འདམས་པ།