བོད་ལྗོངས་ཆབ་མདོའི་མི་རིགས་ཁག་དང་ལས་རིགས་ཁག་བཅིངས་འགྲོལ་ཐོབ་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ།

1.jpg

འདི་ནི་ཟླ10པའི་ཚེས9ཉིན་པར་བླངས་པའི་བོད་ལྗོངས་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཡུལ་དངོས་ཡིན། ཉིན་དེར་བོད་ལྗོངས་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཆབ་མདོ་གྲོང་ཁྱེར་དུ་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས9ཉིན། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཁྲོམ་གཞུང་ཆེ་ཆུང་ཚང་མར་དར་ཚོན་ལྷབ་ལྷུབ་ཏུ་གཡོ་བ་དང་གང་སར་དགའ་སྤྲོའི་རྣམ་པས་ཁེངས་ཡོད། ཚེས9ཉིན་གྱི་སྔ་དྲོའི་ཆུ་ཚོད10པར། མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྐད་གསང་མཐོན་པོའི་རྒྱལ་གླུའི་ཁྲོད། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཆབ་མདོ་གྲོང་ཁྱེར་གྱི་ཕྱོགས་བསྡུས་ལུས་རྩལ་ཐང་དུ་དལ་བུར་མཁའ་རུ་བསྒྲེངས་པ་དང་། ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།

1950ལོའི་ཟླ10པའི་ཚེས19ཉིན། བོད་ཤར་རྒྱུད་གནའ་གྲོང་ཆབ་མདོ་བཅིངས་འགྲོལ་ཐོབ་ནས་བོད་དུ་དཔུང་འཇུག་བྱེད་པའི་སྒོ་མོ་ཕྱེས་པ་རེད། ཆབ་མདོ་བཅིངས་འགྲོལ་བཏང་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་བར་རྨང་གཞི་བཏིང་བ་དང་བོད་ཀྱི་ལོ་རྒྱུས་ཀྱི་དུས་རབས་གསར་པ་བསྐྲུན།

ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཆབ་མདོར་སྤྲོ་སེམས་རབ་ཏུ་འཁོལ་བའི་རྟེན་འབྲེལ་འཕྲིན་ཡིག་སྤྲིངས། བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པས་ཆབ་མདོ་གྲོང་ཁྱེར་ལ“འོད་སྟོང་འཕྲོ་བའི་ལོ་ངོ་བདུན་ཅུ་དང་། དུས་རབས་གསར་པར་སླར་ཡང་ལེའུ་གསར་པ་བརྩམས་པར”རྟེན་འབྲེལ་ཞུ་བའི་བྱང་བུ་སྤྲད་པ་རེད།

རྟེན་འབྲེལ་ཚོགས་ཆེན་ཐོག་ཡར་ལངས་བའི་ཞིང་བྲན་དང་། ལས་བྱེད་པ་རྒན་གྲས། གཞོན་ནུ་ལོ་ཆུང་བཅས་ཀྱི་སློབ་མའི་འཐུས་མི་དང་། དེ་བཞིན་འབྲེལ་ཡོད་འགོ་ཁྲིད་ཀྱིས་སོ་སོས་གཏམ་བཤད་སྤེལ། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་ཕོ་ཐོ་གྲོང་ཚོའི་གྲོང་མི་ངག་དབང་རྒྱལ་མཚན་གྱིས་བཤད་རྒྱུར། “རང་ཉིད་ཞིང་བྲན་གྱི་མི་རབས་རྗེས་མ་ཞིག་ཡིན་པའི་ཆ་ནས། ང་རང་སྤྱི་ཚོགས་གསར་པར་སྐྱེས་པར་ཧ་ཅང་དགའ་པོ་བྱུང་ཡོད་ལ། ང་ཚོའི་གྲོང་ཚོའི་ཁྱིམ་ཚང་ཚང་མ་སྡོད་ཁང་གསར་པར་བསྡད་ཡོད་པ་དང་། རླངས་འཁོར་དང་སྦག་སྦག  བརྙན་འཕྲིན། འཁྱགས་སྒམ། ཁ་པར། གློག་ཀླད་སོགས་ཕྱིར་སྐྱོད་ཡོ་བྱད་དང་འཚོ་བའི་གློག་ཆས་གང་དགོས་ཚང་མ་ཡོད་པས། བདེ་སྐྱིད་ཀྱི་འཚོ་བ་སྦྲང་རྩི་ལས་ཀྱང་མངར་ཟེར།

2.jpg

 འདི་ནི་ཟླ10པའི་ཚེས9ཉིན་པར་བླངས་པའི་བོད་ལྗོངས་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཡུལ་དངོས་ཡིན། ཉིན་དེར་བོད་ལྗོངས་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཆབ་མདོ་གྲོང་ཁྱེར་དུ་ཚོགས།

བརྗིད་ཉམས་ལྡན་པའི་ལག་རྔ་རྡུང་བ་དང་རྔམ་བརྗིད་ལྡན་པའི་རོལ་དབྱངས་ཁྲོད། རྫོང(ཆུས)11ཚུད་པའི་ཆབ་མདོའི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚོན་ཁྲ་ཅན་གྱི་རླངས་འཁོར23དང་རུ་སྟར་འཁྲབ་སྟོན་བྱས་ཏེ། ལོ་རྒྱུས་རང་བཞིན་ལྡན་པའི་དུས་སྐབས་འདི་ལ་དགའ་སྟོན་རྟེན་འབྲེལ་ཞུས།

3.jpg

འདི་ནི་ཟླ10པའི་ཚེས9ཉིན་པར་བླངས་པའི་བོད་ལྗོངས་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་ཡུལ་དངོས་ཡིན། ཉིན་དེར་བོད་ལྗོངས་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཆབ་མདོ་གྲོང་ཁྱེར་དུ་ཚོགས།

རྟེན་འབྲེལ་ཚོགས་ཆེན་ཐོག་ད་དུང་མང་ཚོགས་ཀྱི་གླུ་གར་འཁྲབ་སྟོན་བྱས་ཤིང་། “དར་དམར”དང“ངོ་མཚར་བའི་ཆབ་མདོར་ཕྱིར་མིག་བལྟ་བ་”དང་། “བདེ་སྐྱིད་ལྡན་པའི་ཆབ་མདོར་བསྟོད་གླུ་ལེན་པ་”“ཆབ་མདོའི་འཕོ་འགྱུར་ལ་བདེན་དཔང་བྱེད་པ་”“མཛེས་སྡུག་ལྡན་པའི་ཕྱོགས་སུ་སྐྱོད་པ”སོགས་སུ་དགར་ནས་ཆབ་མདོ་བཅིངས་འགྲོལ་བཏང་བའི་ལོ་རྒྱུས་ཀྱི་རི་མོ་སླར་ཡང་མངོན་ཡོད། ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་ངོ70འགོར་བའི་རིང་གི་འགྱུར་ལྡོག་ཆེན་པོ་མངོན་ནས་རླབས་ཆེན་གྱི་དུས་རབས་གསར་པར་བསྟོད་གླུ་ཕུལ་བ་རེད།

བཅིངས་འགྲོལ་བཏང་ནས་ལོ་ངོ70འགོར་བའི་རིང་། ཆབ་མདོར་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སུ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱས་ཤིང་། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ539འཕར་བ་དང་། ཞིང་འབྲོག་པའི་ཡོང་འབབ་ལྡབ525འཕར་ཡོད། རྫོང་དབུལ་པོ་དང་མང་ཚོགས་དབུལ་པོ་ཚང་མས་དབུལ་ཞྭ་ཕུད་དེ་དབུལ་ཐར་བྱུང་ཤིང་སྤྱི་ཚོགས་ཀྱི་བྱ་གཞག་ཐམས་ཅད་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་ཡོད། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ཡག་ཏུ་སོང་བ་དང་མི་རིགས་ཁག་ཕན་ཚུན་འགྲོ་འོང་ཡོད་པ། བསམ་བློ་བརྗེ་རེས། མཉམ་འདྲེས་བཅས་བྱུང་ནས་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་ངོ་མཚར་བའི་གཏམ་རྒྱུད་བརྩམས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།