བྲག་ཡིབ་ཆུས་སུ་གྲོང་གསེབ་ཀྱི“ཚོགས་མིའི་ཁྱིམ་ཚང”ཐོག་མ་སྤྱོད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བྲག་ཡིབ་ཆུས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཁྱོན་མ་དངུལ་སྒོར་ཁྲི་5ལྷག་ཙམ་བཏང་ནས་བསྐྲུན་པའི་གྲོང་གསེབ་ཀྱི“ཚོགས་མིའི་ཁྱིམ་ཚང”བུ་ཆུ་ཤང་སྐར་མ་གྲོང་ཚོར་བསྐྲུན་ནས་སྤྱོད་འགོ་ཚུགས་པ་རེད། གྲོང་གསེབ་ཀྱི“ཚོགས་མིའི་ཁྱིམ་ཚང”དུ་འཆད་སྟེགས་ཆུང་གྲས་དང་། ནང་སྦྱོང་ཁུལ། དཔེ་དེབ་ལྟ་ས། གཟི་བརྗིད་ཁང་། མིག་མངས་ཁང་། སྣེ་མང་སྨྱན་སྦྱོར་གྱི་སློབ་སྦྱོང་སོགས་ཚུད་ཡོད་པ་དེས་གྲོང་མིར་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོའི་འཐབ་ས་བསྐྲུན་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

གྲོང་གསེབ་ཀྱི“ཚོགས་མིའི་ཁྱིམ་ཚང”ནི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོཌ་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་དང་། “དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས”འཛུཌ་སྐྲུན། “གྲོང་གསེབ་དར་རྒྱས”ཀྱི་ཁྲིད་སྦྱོང་དང་རྩལ་ནུས་གསོ་སྦྱོང་། ལག་ལེན་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་མང་ཚོཌ་ལས་ཀའི་ལས་སྟེགས་ཤིག་རེད་ལ། དུས་སྐབས་གསར་པའི་“ཏང་འཛུགས་སྐྱོང་གིས་བཟོ་ལས་འཛུགས་སྐྲུན་ལ་སྣེ་ཁྲིད་དང་ཏང་དང་བཟོ་ལས་མཉམ་སྐྲུན”བྱས་ནས། མང་ཚོགས་ཀྱི་བསམ་བློའི་རླབས་རྒྱུན་གྱི་སྣེ་ཁྲིད་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་ནས་འཕེལ་རྒྱས་གསར་པ་ཡོང་བའི་ལག་ལེན་གྱི་ལས་སྟེགས་ཤིག་ཀྱང་རེད། དེར་གྲུབ་འབྲས་འདོན་པ་དང་། ཚོགས་པའི་ཉམས་འགྱུར་མངོན་པ། གཟི་བརྗིད་སྟོན་པ་བཅས་ཀྱི་ནུས་པ་ལྡན་ལ། ཞིང་འབྲོག་མང་ཚོགས་ཀྱི་ཚོགས་མིར་རྩལ་ནུས་སྤེལ་རེས་དང་། བསམ་བློ་སྤེལ་རེས། རོལ་རྩེད་བྱེད་སྒོ་བཅས་མཁོ་འདོན་ཡང་བྱས་ཡོད། དེར་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་འཁྲུག་ཆ་དོད་པའི་རྣམ་པ་མངོན་ནས། མང་ཚོགས“སླེབས་ན་འགྲོ་འདོད་མེད་པ་དང་སླར་ཡང་ཡོང་འདོད་ཡོད་པའི”བསམ་བློ་མངོན་པར་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། “ཚོགས་མིའི་ཁྱིམ་ཚང”སྤྱོད་འགོ་ཚུགས་ཚུན། རིམ་རྩིས་བྱས་ན་ལག་རྩལ་གསོ་སྦྱོང་དང་། བསམ་བློ་སྤེལ་རེས། དང་བླངས་ཀྱི་ཞབས་ཞུ་ཐེངས་8བྱས་པར་མང་ཚོགས་མི་ཐེངས་530ལྷག་ཙམ་ཞུགས་ཡོད། གཞི་རིམ་རྩ་འཛུགས་ཀྱི་ལས་ཀ་སྔར་བས་ཞིབ་ཕྲ་དང་། སྔར་བས་དངོས་སྒྲུབ། སྔར་བས་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་བྱུང་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི“གསོན་ཤུགས་ཀྱི་འབྱུང་ཁུངས”དང་། “ལས་ཀའི་སྟེགས་བུ” “སྣུམ་སྣོན་ས་ཚིགས་”བཅས་ཀྱི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཏེ། གྲོང་གསེབ་ཀྱིས་ཞིང་འབྲོག་པའི་དགོས་མཁོ་ཐག་གཅོད་བྱེད་པའི་འཐབ་ས་མདུན་མ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བའི་སྲ་ཞིང་བརྟན་པའི་མཁར་རྫོང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་ནུས་ལྡན་བཅས་སུ་གྱུར་ནས། གཞི་རིམ་རྩ་འཛུགས་ཀྱི་ལས་དོན་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་སྔར་བས་ལྡན་པར་བྱས་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།