གཞིས་རྩེ་གྲོང་ཁྱེར་གྱིས་རིག་གནས་ཁྲོམ་རར་ཆེད་དོན་ཞིབ་བཤེར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞིས་རྩེ་གྲོང་ཁྱེར་གྱི“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར”འཛུགས་གཏོད་ལས་དོན་གྱི་བླང་བྱ་གཞིར་བཟུང་། ཉེ་ཆར་གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས་ཀྱིས་གཞིས་རྩེ་གྲོང་ཁྱེར་གྱི་དྲ་སྦྲེལ་གཉེར་སྐྱོང་བྱ་ཡུལ་དང་གླུ་གར་རོལ་རྩེད་ཁང་སོགས་རིག་གནས་ཁྲོམ་རའི་གཉེར་སྐྱོང་བྱ་ཡུལ་དུ་བསྐྱོད་དེ། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ཀྱི་རིག་གནས་ཁྲོམ་རར་ཆེད་དོན་ཞིབ་བཤེར་བྱས་པ་རེད།

ད་ཐེངས་ཀྱི་ཞིབ་བཤེར་ལ་ཡ་རབས་ཀྱི་དྲན་སྐུལ་སྐད་ཆ་དང་། སྤྱི་པའི་འདུ་གནས་སུ་ཐ་མག་འཐེན་མི་ཆོག་པའི་མཚོན་རྟགས་སྒར་ཚུལ། མེ་ཟོན་བགྲོད་ལམ་ཤར་གཏོང་ཐུབ་མིན། ཁོར་ཡུག་འཕྲོད་བསྟེན་དང་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ཀྱི་དྲིལ་བསྒྲགས་རྣམ་པ་གཏོད་པ་སོགས་ཀྱི་ནང་དོན་གཙོ་གནད་དུ་བྱས་ཡོད། ཁྲིམས་འགལ་སྒྲིག་འགལ་གྱི་གཉེར་སྐྱོང་བྱེད་སྒོར་ཞིབ་གཅོད་ནན་པོ་བྱས་ཏེ། རིག་གནས་ཁྲོམ་རའི་གཉེར་སྐྱོང་བྱ་ཡུལ་ཚང་མ་ལྟ་འདོམས་བྱེད་ཁོངས་སུ་བཅུག་ནས་མཐའ་ཚད་དང་དམར་ཐིག་ཁ་གསལ་བཟོས་ཏེ་གཉེར་སྐྱོང་བྱ་ཡུལ་གྱིས་རང་རྟོགས་ངང་ཁྲིམས་ལྟར་གཉེར་སྐྱོང་གི་བྱེད་སྒོ་ཚད་ལྡན་དུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཡོད། ད་ཐེངས་ཀྱི་ཆེད་དོན་ཞིབ་བཤེར་ལ་ཁྲིམས་འཛིན་མི་སྣ་མི་ཐེངས30ལྷག་ཙམ་ཞུགས་ནས《ཡ་རབས་ངང་དྲ་ཚུགས་གཉེར་སྐྱོང་དང་ཡ་རབས་ངང་དྲ་ཞུགས་ཀྱི་གྲོས་འགོའི་ཡི་གེ》300ལྷག་ཙམ་སྤྲད་པ་དང་དྲ་སྦྲེལ་གཉེར་སྐྱོང་བྱ་ཡུལ་དང་། གླུ་གར་རོལ་རྩེད་ཁང་། རོལ་རྩེད་ཁང་སོགས་རིག་གནས་གཉེར་སྐྱོང་བྱ་ཡུལ་52ལ་ཞིབ་བཤེར་བྱས་ཏེ། ས་གནས་ས་ཐོག་ཏུ་གནད་དོན16དག་ཐེར་བྱས་ནས། གཞིས་རྩེ་གྲོང་ཁྱེར་གྱི་རིག་གནས་ཁྲོམ་རའི་གཉེར་སྐྱོང་ཁོར་ཡུག་སྔར་བས་ལེགས་སུ་བཏང་སྟེ་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་ཆེད་རམ་འདེགས་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།