ལྷ་སའི་གུང་དཀར་གནམ་གྲུ་ཐང་གིས་རྒྱལ་སྟོན་དུས་ཆེན་སྐབས་སུ་གནས་སྐོར་བ་མི་ཐེངས་ཁྲི9.9སྐྱེལ་འདྲེན་བྱ་རྩིས་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9བའི་ཚེས28ཉིན། གསར་འགོད་པས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་སྐབས་སུ། ལྷ་སའི་གུང་དཀར་གནམ་གྲུ་ཐང་གིས་གནས་སྐོར་བ་མི་ཐེངས་ཁྲི9.9སྐྱེལ་འདྲེན་བྱ་རྩིས་ཡོད་པ་དང་། དུས་མཉམ་ལས10.5%འཕར་རྒྱུ་དང་། གནམ་གྲུ་འཕུར་ཐང1018ལ་འགན་སྲུང་བྱས་ཏེ་དུས་མཉམ་ལས8.2%འཕར་ཡོད།

མིག་སྔར། ལྗོངས་ཡོངས་ཀྱིས་མཁའ་ལམ120ཤར་གཏོང་བྱས་ཡོད་ཅིང་། ལྷ་ས་གུང་དཀར་གནམ་གྲུ་ཐང་གིས་མཁའ་ལམ91ཤར་གཏོང་བྱས་ཡོད། ལྗོངས་ཡོངས་སུ་མཁའ་ལམ་ཤར་གཏོང་བྱས་པའི་གྲོང་ཁྱེར60ཡོད་པ་དང་། ལྷ་ས་གྲོང་ཁྱེར་གྱིས་མཁའ་ལམ་ཤར་གཏོང་བྱས་པའི་གྲོང་ཁྱེར55ཡོད། ཉིན་རེར་ལྷ་ས་རུ་གནམ་གྲུ66ལྷག་འཕུར་གཏོང་བྱེད་བཞིན་ཡོད་དེ། གནས་སྐོར་བ་མི་ཁྲི108ལྷག་འབྱོར་ཡོད་པ་རེད།

ཟླ9བའི་ཚེས1ཉིན་ནས་ཟླ9བའི་ཚེས26ཉིན་བར་དུ། ལྗོངས་ཡོངས་ཀྱིས་གནམ་གྲུ་འཕུར་ཐང4655ལ་འགན་སྲུང་བྱས་ཏེ། དུས་མཉམ་ལས10.8%འཕར་ཡོད། ལྷ་ས་གུང་དཀར་གནམ་གྲུ་ཐང་གིས་གནམ་གྲུ་འཕུར་ཐེངས3462ལ་འགན་སྲུང་བྱས་ནས་དུས་མཉམ་ལས12.5%འཕར་ཡོད། ལྗོངས་ཡོངས་ཀྱིས་གནས་སྐོར་བ་མི་ཐེངས535793སྐྱེལ་འདྲེན་བྱེད་པར་འགན་སྲུང་བྱས་ནས་དུས་མཉམ་ལས18.4%འཕར། ལྷ་ས་གུང་དཀར་གནམ་གྲུ་ཐང་གིས་གནས་སྐོར་བ་མི་ཐེངས431011སྐྱེལ་འདྲེན་བྱེད་པར་འགན་སྲུང་བྱས་ཏེ་དུས་མཉམ་ལས19.7%འཕར་ཡོད། ལྗོངས་ཡོངས་ཀྱིས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན4328ལ་སླེབས་པ་དང་དུས་མཉམ་ལས12.6%འཕར་ཡོད་ལ། ལྷ་སའི་གུང་དཀར་གནམ་གྲུ་ཐང་གིས་དངོས་ཟོག་ཏུན་3845.6སྐྱེལ་འདྲེན་བྱས་ཏེ་དུས་མཉམ་ལས11.7%བཅས་འཕར་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།